གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་པའི་དགོངས་ཚོགས་བསྡུས།
2018.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 606

ཉན་མཁན་རྣམ་པ། དེ་རིང་སྟེ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ན་གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་བྱ་དགའ་གནང་པའི་དགོངས་ཚོགས་བསྡུ་བཞིན་འདུག དེའི་སྐོར་གྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱེད་ན། གསར་འགོད་པས་ཡུལ་དངོས་ནས་བླངས་པའི་སྒྲ་ལ་གསན་རོགས་ཞུ།

འབྲེལ་ཡོད་མི་སྣས་སྐབས་ལྔ་བའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་རྣམས་ལ་བྱ་དགའ་གནང་།

                                  སྙན་སྒྲོན་པ་གྲགས་ཅན་ཕུར་བས་གྱེར་འདོན་བྱེད་ཀྱིན་པ།

                མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་ལྷ་མོ་ཡག་གཉིས་ཀྱིས་གྱེར་འདོན་བྱེད་ཀྱིན་པ།

འབྲེལ་ཡོད་འགོ་ཁྲིད་ཀྱིས་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་།

འབྲེལ་ཡོད་མགོ་ཁྲིད་ཀྱིས་ཨང་གཉིས་པ་ཐོབ་མཁན་གྱི་འགྲན་ཞུགས་པར་བྱ་དགའ་གནང་བཞིན་པ།

       བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་འགྲན་ཞུགས་པ་དག་གིས་སྙན་ངག་གྱེར་བཞིན་པ།

གསར་འགོད་པས་ཐེངས་འདིའི་དཔྱད་འདེམས་པ་སྨན་བླ་སྐྱབས་ལ་བཅར་འདྲི་བྱེད་ཀྱིན་པ།

           ཐེངས་འདིའི་སྙན་ངག་བྱ་དགའ་ཐོབ་མཁན་ཉྭ་སྲིན་པོ་ལ་བཅར་འདྲི་བྱེད་ཀྱིན་པ། 

          ཐེངས་འདིའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ཀྱི་འདྲ་པར། 

གསར་འགོད་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 
 ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།