​2018ལོའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ།
2018.09.17 ཁུངས། ཀློག་གྲངས། 211

སྤྱི་ལོ་2018ལོའི་ཟླ9པའི་ཚེས17ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྦྲེལ་དྲ་ཆ་འཕྲིན་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཟི་ལིང་གྲོང་ཁྱེར་དྲ་རྒྱའི་བདེ་འཇགས་གཞུང་སྒྲུབ་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་བསྡུས།   

དྲ་རྒྱའི་སྒོ་མོ་ཡངས་པར་ཕྱེས་པ་ལས་མི་རེ་རེར་དྲ་རྒྱ་སྤྱོད་དབང་ཡོད་པ་དང་མཉམ་དུ། མི་རེ་རེར་རང་འགུལ་གྱིས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འོས་འགན་ཡང་ཡོད་པ་ཡིན། དྲ་རྒྱ་ནི་ཁྲིམས་ལས་འདས་པའི་གནས་མ་ཡིན་པས།  དྲ་རྒྱའི་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས་ཚེ། ངེས་པར་དུ་ཁྲིམས་ལྟར་དྲ་སྐྱོང་བ་དང་ཁྲིམས་ལྟར་དྲ་བ་བསྒྲུབ་པ།   ཁྲིམས་ལྟར་དྲ་ལ་ཞུགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ།   ཁྲིམས་ལུགས་ལ་བརྟེན་ནས་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་ནུས་པ་ཆེས་ཆེར་འདོན་དགོས་ཤིང་།      དྲ་རྒྱ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་བརྩོན་དགོས་པ་མ་ཟད་ཚད་མཐོའི་བདེ་འཇགས་འདུ་ཤེས་དང་དཔལ་ཡོན་གྱི་དྲ་རྒྱའི་བྱང་ཚད། ཁྲིམས་སྲུང་གི་སྤྱོད་ལམ་གོམས་གཤིས། འཐུས་ཚང་གི་འགོག་སྲུང་གྲ་སྒྲིག་བྱེད་ནུས་ཡོད་པའི་དྲ་དམངས་བཟང་པོ་ཞིག་བྱ་དགོས།   

སྤྱིར་ཀྲུང་གོའི་དྲ་དམངས་ཀྱི་གྲངས་ཀ་དང་དྲ་རྒྱའི་གཞི་རྒྱ་ནི་འཛམ་གླིང་གི་རྩེ་གྲས་ཡིན་པས། ཀྲུང་གོའི་དྲ་རྒྱ་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དོན་དག་ཧ་ཅང་གལ་ཆེན་ཞིག་རེད།   དྲ་རྒྱའི་བདེ་འཇགས་ནི་རང་སྟེང་གི་དགོས་མཁོ་དང་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད།  གོ་ལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་དང་ལྷག་པར་འཛམ་གླིང་ཞི་བདེ་ཐད་ལའང་མིག་མཐོང་ལག་ཟིན་གྱི་དོན་སྙིང་གལ་ཆེན་ལྡན། 

ཐེངས་འདིར་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱིས་ནུས་པ་ཡོད་ཚད་སྒོས་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་གི་ནུས་པ་ཇེ་དྲག་ཏུ་བཏང་ནས། རྒྱ་ཆེའི་དྲ་དམངས་ཀྱི་དྲ་རྒྱའི་ཁྲིམས་འགལ་བརྡ་འཕྲིན་དང་།  དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་ཉེས་གསོག་གི་ངོས་འཛིན་དང་།    འགོག་སྲུང་ནུས་པ་མཐོར་འདེགས་བྱས་ཏེ།      དྲ་རྒྱའི་བདེ་འཇགས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ནས།  ཀྲུང་གོའི་ཕུགས་འདུན་བསྐྲུན་པར་སྒུལ་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། འགྱུར་ཚད་ཆེས་ཆེ་བའི་དྲ་རྒྱའི་སྟེགས་བུ་ཆེན་པོ་འདིར་འདུས་ནས། རྡོག་རྩ་གཅིག་སྒྲིལ་སྒོས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས་པ་ཡིན།

2018ལོའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་འགོ་རྩོམ་ཞབས་བྲོ། 

2018ལོའི་མཚོ་སྔོན་ཞིང་ཆེན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད། 

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་བང་ལིས་མིན་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་བང་ལིས་མིན་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཚོགས་འགོ་རྩོམ་པའི་ཆོ་ག་སྤེལ་བཞིན་པ།


མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཀྲང་ཡུན་ཧྥེ་ཡིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

དྲ་ལམ་ལས་བྱེད་མི་སྣས་བྱ་འགུལ་ལ་ཞུགས་པའི་མང་ཚོགས་རྣམས་ལ་དྲ་ལམ་བདེ་འཇགས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ། 

བྱ་འགུལ་སྟེང་ཞུགས་པའི་འབྲེལ་ཡོད་ལས་ཁུངས།

བྱ་འགུལ་སྤེལ་བའི་ཡུལ་དངོས།