མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་གི་དྲིལ་སྒྲོག་སློབ་གསོའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ།
2018.10.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དྲིལ་སྒྲོག་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཁོར་ཡུག་སྐོར་གྱི་སྨྱན་བྱེད་གསར་བ་འཛུགས་སྐྲུན་དང་ཁོར་ཡུག་གསར་འགྱུར་གླེང་བརྗོད་སྣེ་སྟོན། ཁོར་ཡུག་དྲིལ་སྒྲོག་དང་སློབ་གསོའི་བྱ་འགུལ་སྐོར་གྱི་ཞུ་གཏུག་སོགས་བྱེད་ཐབས་སྣ་མང་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་གི་དྲིལ་སྒྲོག་སློབ་གསོའི་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་ཏེ་དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས།