ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་གྱི་རྫོང་དང་གྲོང་ཁྱེར་བདུན་དབུལ་ཐར་བྱས།
2018.10.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་བྱས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་དབུལ་ཐར་བྱས་ཟིན་པའི་མཚོ་སྔོན་གྱི་ས་གནས་ལ་ཕིན་ཨན་ཆུའུ་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། རྐང་ཚ་རྫོང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལན་རྫོང་། ཐེམ་ཆེན་རྫོང་བཅས་ཡོད། འདི་ནི་ན་ནིང་གི་ཏུའུ་ལན་རྫོང་དང་ཐུན་ཏེ་རྫོང་། ཧི་ནན་རྫོང་བཅས་དབུལ་ཐར་བྱས་པའི་རྗེས་ལ། མཚོ་སྔོན་ནས་ཁྱབ་ཆེ་བའི་ངང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་བརྩོན་ལེན་བྱས་པའི་གྲུབ་འབྲས་ཡིན་པས། མཚོ་སྔོན་གྱིས་དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་བརྩོན་ལེན་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་བཏིང་བ་ཡིན་པར་མ་ཟད། ཉམས་མྱོང་གསོག་འཇོག་དང་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་སྐུལ་འདེད་གང་ལེགས་བཏང་ཡོད།