ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་བར་མ་ཆད་པའི་ངང་ནས་འཕེལ་རྒྱས་གཏོང་བ་དང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།
2018.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་བའི་ལོ་འདི་འགར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་འཕེལ་རྒྱས་ལ་སྣེ་འདོམས་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ལས་ཡར་རྒྱས་གཏོང་བའི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བྱེད་ཕྱོགས་བཀོལ་བ་དང་འཕེལ་རྒྱས་ཁོར་ཡུག་ལ་ལེགས་བཅོས་གཏོང་བ། འཕེལ་རྒྱས་བརྒྱུད་ལམ་སྔར་ལས་ཆེར་བསྐྱེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་ངར་ཤུགས་བསྩོལ་བ་བཅས་ལ་བརྟེན་མཐར། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་ཆིག་སྒྲིལ་སྟོབས་ཤུགས་དང་འབོད་སྐུལ་བྱེད་ཤུགས་སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་དྲག་ཏུ་ཕྱིན། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ཀྱི་སྡེ་བ་རེ་གཉིས་ཁྲོད་དུ། བརྟན་འཇགས་ཡིན་པའི་ཐུན་མོང་དཔལ་འབྱོར་སྡེ་བ་བཅོ་བརྒྱད་ཡོད་ཅིང་། དེའི་ཁྲོད་ཀྱི་སྡེ་བ་གསུམ་གྱི་གཞི་ཁྱོན་སྒོར་ས་ཡ་ལྔ་ལས་བརྒལ་ཡོད་ལ། སྡེ་བ་གསུམ་གྱི་གཞི་ཁྱོན་སྒོར་ས་ཡ་གཅིག་དང་ས་ཡ་ལྔའི་བར་དུ་གནས་ཡོད། སྡེ་བ་གསུམ་གྱི་གཞི་ཁྱོན་སྒོར་འབུམ་གཉིས་ནས་ས་ཡ་གཅིག་གི་བར་དུ་སླེབས་ཡོད། དེ་ལས་གཞན་པའི་སྡེ་བ་དྲུག་གི་གཞི་ཁྱོན་སྒོར་འབུམ་གཉིས་ཀྱི་མན་ན་གནས་ཡོད་པས། སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི། རྨང་གཞི་རང་བཞིན་དང་དུས་ཡུན་རིང་བོ་ཅན་གྱི་ལས་དོན་ཞིག་ལ་བརྩིས་ཡོད་ཅིང་། འཆར་འགོད་སྣེ་འདོམས་དང་སྲིད་ཇུས་བརྩོན་ལེན། ཕྱི་རྐྱེན་འཐུས་ཚང་བཅས་སུ་བཏང་མཐར། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འབད་ཀྱིན་ཡོད།