རྒྱལ་སྟོན་དུས་ཆེན་སྐབས་སུ་མཚོ་ལྷོ་ཁུལ་མེ་འགོག་མེ་གསོད་ཡན་ལག་རུ་ཁག་གིས་མེ་འགོག་བདེ་འཇགས་བྱ་བ་བཟང་བོར་བསྒྲུབས།
2018.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

རྒྱལ་སྟོན་དུས་ཆེན་སྐབས་སུ།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་ཡན་ལག་རུ་ཁག་གི་དཔོན་དམག་ཡོངས་ཀྱིས་འགྲིམ་འགྲུལ་དོན་རྐྱེན་གཉིས་དང་དམངས་སྤྱོད་ཁང་བའི་མེ་སྐྱོན་དོན་རྐྱེན་གཅིག་བདེ་བླག་ངང་ཐག་གཅོད་བྱས་ཏེ་མི་གསུམ་བསྐྱབས།

མཚོ་ལྷོ་ཁུལ་མེ་འགོག་མེ་གསོད་ཡན་ལག་རུ་ཁག་གི་མགོ་གཙོ་མཱ་ཀྲུང་དབྱིན་གྱིས་གསར་འགོད་པར་བཤད་རྒྱུར།  རྒྱལ་སྟོན་དུས་ཆེན་སྐབས་སུ། ཡུལ་སྐོར་ལ་འགྲོ་བ་དང་དངོས་པོ་ཉོ་མཁན་གྱི་མི་མང་པོ་ཡོད་པས།  མེ་སྐྱོན་བདེ་འཇགས་ཀྱི་ཉེན་ཁའང་དེ་བསྟུན་གྱིས་ཇེ་མཐོར་སོང་ཡོད།  མེ་འགོག་མེ་གསོད་སྤྱིའི་རུ་ཁག་གི་གཅིག་གྱུར་བཀོད་སྒྲིག་ལྟར།  ང་ཚོས་བསམ་བློ་དང་རྩ་འཛུགས།  སྒྲིག་ཆས།   སྦྱོང་བརྡར་སོགས་ཐད་ནས་མེ་འགོག་རོགས་སྐྱོབ་ཀྱི་རིགས་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་པ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན།   རྒྱལ་སྟོན་དུས་ཆེན་གྱི་སྔོན་ལ།  མཚོ་ལྷོ་ཁུལ་མེ་འགོག་མེ་གསོད་སྡེ་ཁག་གིས་བདེ་འཇགས་སྲུང་སྐྱོབ་དང་བདེ་འཇགས་ལྟ་སྐུལ་སོགས་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་ཞིབ་བཤེར་ཚོགས་པ་རྩ་འཛུགས་བྱས་ཏེ།   མེ་འགོག་ཁེ་ལས་དང་ལས་རིགས་སྡེ་ཁག་གཙོ་བོ་རུ་སོང་ནས་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་ཞིབ་བཤེར་ཆེན་མོའི་བྱ་བ་སྤེལ་བ་དང་།   ཞིབ་བཤེར་བྱས་ཏེ་རྙེད་པའི་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས།   རྒྱལ་སྟོན་དུས་ཆེན་སྐབས་སུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་ཡན་ལག་རུ་ཁག་གི་ཏང་ཨུའི་ཁོངས་མི་དག་རང་རང་གི་འབྲེལ་མཐུད་སྡེ་ཁག་ཏུ་སོང་ནས་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱས་པ་དང་།    མེ་འགོག་མེ་གསོད་ཀྱི་སྐད་འཕྲིན་སྤྱི་སྟེགས་སོགས་བརྒྱུད་དེ་དུས་ཆེན་སྐབས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ཉེན་བརྡ་ཁྱབ་བསྒྲགས་བྱས་པར་མ་ཟད།   བདེ་འཇགས་ངང་མེ་བཀོལ་བ་དང་གློག་བཀོལ་བ།  སྣུམ་བཀོལ་བ་སོགས་ཀྱི་མེ་འགོག་མེ་གསོད་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་དུས་ཆེན་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས།