སྤེལ་དུས།2018.10.08 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རྒྱལ་སྟོན་དུས་ཆེན་གྱི་སྔོན་ལ།  ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བསྡོམས་རྩིས་དང་ལས་ཞུགས་སྲིད་ཇུས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བསྡོམས་རྩིས་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་གསར་སྣོན་དང་ལས་ཤོར་ཐོ་འགོད་ཀྱི་དངོས་མིང་དོ་དམ་མངོན་འགྱུར་བྱེད་པར་སྐུལ་མ་བཏང་སྟེ་ལས་ཞུགས་བྱ་བའི་སྤུས་ཚད་མཐོར་འདེགས་བཏང་།   ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ལས་ཞུགས་ལས་ཤོར་ཐོ་འགོད་དང་དོ་དམ་མི་སྣ་བརྒྱ་དང་ཉེར་ལྔ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་ལས་ཞུགས་བསྡོམས་རྩིས་དང་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱ་བར་དམིགས་ནས་གཅིག་བསྡུས་སློབ་ཁྲིད་དང་ཡུལ་དངོས་ལག་ལེན་གྱི་བྱེད་ཐབས་སྤྱད་དེ་ལས་ཞུགས་ལས་ཤོར་གྱི་གོ་དོན་དང་ལས་ཞུགས་བསྡོམས་རྩིས་བྱ་བ་སོགས་ཐད་ནས་འགྲེལ་བཤད་གསལ་བོ་བྱས་པ་དང་།    མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ལས་ཤོར་དོ་དམ་ཐད་ཀྱི་གནས་སྐབས་ལག་ལེན་བྱེད་ཐབས་གཉིས་འགྲེལ་ཀློག་བྱས།

ལས་ཞུགས་བསྡོམས་རྩིས་དང་ལས་ཞུགས་སྲིད་ཇུས་ལས་སྒོའི་གསོ་སྦྱོང་སྤེལ་བ་ནི་ལས་ཞུགས་སྡེ་ཁག་གི་ལས་བྱེད་པའི་ནུས་པ་དང་སྤུས་ཚད་གཅིག་བསྡུས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།    ལས་ཞུགས་སྲིད་ཇུས་ནུས་ཡོད་སྒོས་དོན་འཁྱོལ་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བའི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་སྐུལ་འདེད་ཀྱི་བྱེད་ནུས་གལ་ཆེན་ལྡན།   ཐེངས་འདིའི་གསོ་སྦྱོང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བྱ་བའི་དངོས་ཡོད་གནས་ཚུལ་ལ་དམ་པོར་དམིགས་ཡོད་པས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་གསར་སྣོན་དང་ལས་ཤོར་ཐོན་འགོད་ཀྱི་དངོས་མིང་དོ་དམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱེད་ནུས་མི་དམན་པ་ཐོན་པ་དང་།    གོ་རིམ་རྗེས་མར་ངལ་རྩོལ་བ་དག་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་ཞུགས་ཞབས་ཞུ་དང་ལས་ཞུགས་རོགས་སྐྱོར་འདོད་སྤྲོད་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།