རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་པར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ན་ཉེན་སྲུང་ཡོད་པར་གྱུར།
2018.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་བཅུ་བའི་ཚེས་བཅུ་ཉིན། ཀྲུང་གོ་ཞི་བདེ་རྒྱ་མཚོ་རྒྱུ་ནོར་ཉེན་སྲུང་མ་རྐང་ཚད་ཡོད་ཀུ་ཟིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ལ་ཉེན་སྲུང་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་གསུམ་བྱེ་བ་གཉིས་ཞལ་འདེབས་སུ་ཕུལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པ་ཁྲི་གཅིག་དང་སྟོང་བདུན་ལྷག་གི་མི་ལུས་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ན་ཉེན་སྲུང་ཡོད་པར་གྱུར་བ་དང་། མི་རེར་ཉེན་སྲུང་མ་དངུལ་སྒོར་གོ་དྲུག་དང་། བསམ་ལས་འདས་པའི་གནོད་པ་བྱུང་ན་མི་རེར་ཉེན་སྲུང་མ་དངུལ་སྒོར་འབུམ་གསུམ་སྤྲོད་རྒྱུ་བྱས། དེ་མིན་ད་དུང་བསམ་ལས་འདས་པའི་གནོད་པ་བྱུང་བར་མི་རེ་ལ་སྨན་བཅོས་ཉེན་སྲུང་མ་དངུལ་སྒོར་ཁྲི་གཉིས་སྤྲོད་རྒྱུ་ཡིན་ལ། ཉེན་འགོག་ཉེན་སེལ་མ་དངུལ་གྱི་སྤྱིའི་བསྡོམས་གྲངས་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞི་བྱེ་བ་བཞི་ལ་སླེབས། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ར་བ་སོ་སོའི་སྐྱེ་ཁམས་དོ་དམ་པ་ཁྲི་གཅིག་དང་སྟོང་བདུན་ལྷག་ཡོད་པ་ཚང་མ་ཉེན་སྲུང་ཉེན་འགོག་གི་ལས་སྒོའི་ཁྲོད་ཚུད་ཡོད།