གུང་ཧོ་རྫོང་གིས་སྡེ་བ་སོ་གསུམ་ལ་རིག་གནས་མཁོ་ཆས་འདོན་སྤྲོད་བྱས།
2018.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཞིང་སྡེའི་སྤྱི་བའི་རིག་གནས་བྱ་འགུལ་གྱི་ཆ་རྐྱེན་སྔར་ལས་མཐོར་འདེགས་གཏོང་བ་དང་།  རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།  ཉེ་ལམ།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གུང་ཧོ་རྫོང་གི་སྡེ་བ་སོ་གསུམ་ལ་གློག་ཀླད་དང་གཞུང་སྒྲུབ་མཁོ་ཆས།  མི་རིགས་སྲོལ་རྒྱུན་དང་དེང་རབས་རོལ་ཆས་སོགས་སྤྱིའི་མ་དངུལ་སྒོར་ས་ཡ་གཉིས་ལྷག་གི་རིག་གནས་མཁོ་ཆས་བྱིན།

ད་ལོའི་ཚུན་ལ།  གུང་ཧོ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཞིང་ཆེན་དང་ཁུལ་གྱི་རིག་གནས་སྡེ་ཁག་གི་བླང་བྱ་ལྟར།   རིག་གནས་སྡེ་བར་བསྐྱོད་པའི་བཟོ་སྐྲུན་གཟབ་ནན་གྱིས་ལག་བསྟར་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་།   རོང་འབྲོག་ཁུལ་གྱི་ལས་རིགས་སོ་སོའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  ཐེངས་འདིར་བྱིན་པའི་རིག་གནས་མཁོ་ཆས་དེ་དག་གི་ཕན་ཡོད་བྱེད་ནུས་འདོན་སྤེལ་བྱེད་ཆེད།  རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཞིང་སྡེའི་རིག་གནས་མཁོ་ཆས་སྟེར་བའི་བྱ་བ་དངོས་འབེབས་བཟང་བོ་བྱས་པ་དང་། མཁོ་ཆས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་འགན་སྲུང་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཐུབ་པར་བྱས།  དེ་མིན།  སྡེ་ཁག་སོ་སོས་རིག་གནས་མཁོ་ཆས་བཀོལ་སྤྱོད་དང་དོ་དམ་ལ་ཤུགས་བསྣན་ནས་རིག་གནས་མཁོ་ཆས་ཀྱི་ཕན་ནུས་དངོས་འདོན་སྤེལ་བྱེད་དགོས་པ་དང་།   སྔར་ལས་བཟང་བའི་རིག་གནས་བྱ་འགུལ་གྱིས་རོང་འབྲོག་མང་ཚོགས་ཀྱི་དཔལ་ཡོན་སྤུས་ཚད་མཐོར་འདེགས་གཏོང་བ་དང་།   ཕུལ་བྱུང་གི་ཞིང་སྡེའི་རིག་གནས་བྱ་འགུལ་གྱིས་གུང་ཧོ་རྫོང་གི་ཞིང་སྡེའི་རིག་གནས་ལས་དོན་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།