རྨ་ཆེན་རྫོང་གིས་མཉམ་འབྲེལ་དྲ་རྒྱ་དང་བདེ་ཐང་དབུལ་སྐྱོར་མཉམ་བསྲེས་བྱེད་པའི་རྣམ་པ་གསར་པ་བསྐྲུན་ཏེ་རྫོང་ཡོངས་ཀྱི་མི་ཁྲི་ལྔ་དང་སྟོང་དྲུག་ལྷག་ལ་སྤུས་ལེགས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས།
2018.10.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ད་ལོར།  རྨ་ཆེན་རྫོང་གིས་མཉམ་འབྲེལ་དྲ་རྒྱ་དང་བདེ་ཐང་དབུལ་སྐྱོར་མཉམ་བསྲེས་ཚོད་ལྟའི་བྱ་བ་མགོ་བརྩམས་ཏེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དེ་རྒྱལ་ཁབ་ཀྱི་ཐག་རིང་ནས་སྨན་བཅོས་བྱེད་པ་དང་མཉམ་འབྲེལ་དྲ་རྒྱའི་གསོ་རིག་ལྟེ་གནས་ཀྱི་མཉམ་ལས་སྟེགས་བུ་བརྒྱུད་དེ་ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་ཀྱི་ཆེད་ལས་སྨན་བཅོས་ཐོན་ཁུངས་དང་མཉམ་འབྲེལ་བྱས་པ་དང་།  རྨ་ཆེན་རྫོང་དང་རྨ་ཆེན་རྫོང་གི་ཞང་དང་གྲོང་རྡལ་སོ་སོའི་སྨན་བཅོས་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ་རྫོང་ཡོངས་ཀྱི་མི་ཁྲི་ལྔ་དང་སྟོང་དྲུག་ལྷག་གིས་སྤུས་ལེགས་དང་སྟབས་བདེ།  གནད་ཕིགས་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།

ད་ལོའི་ཟླ་དྲུག་པར།  རྒྱལ་ཁབ་ཀྱི་ཐག་རིང་ནས་སྨན་བཅོས་བྱེད་པ་དང་མཉམ་འབྲེལ་དྲ་རྒྱའི་གསོ་རིག་ལྟེ་གནས་གཉིས་ཀྱིས་རྨ་ཆེན་རྫོང་གི་བདེ་ཐང་དབུལ་སྐྱོར་འཆར་འགོད་མགོ་བརྩམས་ཏེ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་དང་སྨན་བཅོས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་བ་དང་།   རྨ་ཆེན་རྫོང་གི་སྨན་ཁང་གཙོ་ཡིན་པའི་ཁྱོན་ཡོངས་སྨན་བཅོས་མཉམ་སྒྲུབ་མ་ལག་བཙུགས་པར་མ་ཟད།    རྒྱལ་ཁབ་ཀྱི་ཐག་རིང་ནས་སྨན་བཅོས་བྱེད་པ་དང་མཉམ་འབྲེལ་དྲ་རྒྱའི་གསོ་རིག་ལྟེ་གནས་ཀྱི་མཉམ་ལས་སྟེགས་བུ་དང་སྦྲེལ་མཐུད་བྱས་ཏེ་རྒྱལ་ཁབ་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་བྱེད་པ་མངོན་འགྱུར་བྱས་པ་དང་།   རྫོང་ཡོངས་ཀྱི་མི་ཁྲི་ལྔ་དང་སྟོང་དྲུག་ལྷག་གིས་སྤུས་ལེགས་དང་སྟབས་བདེ།  གནད་ཕིགས་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས་ཏེ་ཁུལ་ཡོངས་སུ་མཉམ་འབྲེལ་དྲ་རྒྱ་དང་བདེ་ཐང་དབུལ་སྐྱོར་མཉམ་བསྲེས་བྱེད་པའི་མིག་དཔེ་གསར་བ་འཛུགས་སྐྲུན་བྱས།

དེའི་རྨང་གཞིའི་སྟེང་།   ཀྲུང་གོ་དབྱི་ཏུང་གིས་མཉམ་འབྲེལ་དྲ་རྒྱ་དང་བདེ་ཐང་དབུལ་སྐྱོར་མཉམ་བསྲེས་ཀྱི་མཛུབ་སྟོན་བསམ་འཆར་ལ་དམ་དུ་དམིགས་ནས་དྲ་བ་གཅིག་ལ་ཞབས་ཞུ་གསུམ་གྱི་བདེ་ཐང་དབུལ་སྐྱོར་ཆ་འཕྲིན་ཅན་གྱི་ཞབས་ཞུའི་མ་ལག་བཙུགས་ཏེ་རྨ་ཆེན་རྫོང་སྨན་ཁང་གིས་ཆ་འཕྲིན་ཅན་གྱི་མ་ལག་ཁྱོན་ཡོངས་ནས་རིམ་སྤོར་བྱས་པ་དང་།    ལས་སྒོའི་ཞབས་ཞུའི་མཉམ་འབྲེལ་བརྗེ་རེས་ནུས་པ་མཐོར་འདེགས་བཏང་།