མཚོ་སྔོན་ཞིང་ཆེན་གྱིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་རང་རྒྱལ་གྱི་དབུལ་སྐྱོར་ཉིན་མོ་ཐེངས་ལྔ་བར་བསུ་མ་བྱེད་རྒྱུ་རེད།
2018.10.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནི་རང་རྒྱལ་གྱི་དབུལ་སྐྱོར་ཉིན་མོ་ཐེངས་ལྔ་བ་ཡིན་པ་དང་།  རྒྱལ་སྤྱིའི་དབུལ་ཕོངས་མེད་པར་གཏོང་བའི་ཉིན་མོ་ཐེངས་ཉེར་དྲུག་པ་རེད།  གསར་འགོད་པས་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ཞིང་ཆེན་དབུལ་སྐྱོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར།  མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་སྣ་མང་གི་དབུལ་སྐྱོར་ཉིན་མོའི་བྱ་འགུལ་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་ཚོགས་མཉམ་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་རེད།

ཞིང་ཆེན་དབུལ་སྐྱོར་ཅུའུ་སྤྱི་ཚོགས་ཁྲུའུ་ཡི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།    ད་ལོའི་དབུལ་སྐྱོར་ཉིན་མོའི་བྱ་འགུལ་ལ་དབུལ་སྐྱོར་གླེང་སྟེགས་དང་གནད་ཕིགས་དབུལ་སྐྱོར་ཀྱི་པར་ལེན་འགྲན་སྡུར།    ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་ཁ་གཏད་དབུལ་སྐྱོར་གྲུབ་འབྲས་འགྲེམ་སྟོན་བྱེད་པ་སོགས་ཡོད།

ཁྱོན་ཡོངས་དང་རིམ་པ་མང་བ།   རྣམ་པ་མང་བའི་དབུལ་སྐྱོར་ཉིན་མོའི་བྱ་འགུལ་སྤེལ་བ་བརྒྱུད།   དབུལ་ཐར་མཁྲེགས་གཏོར་ཀྱི་དམིགས་འབེན་ལས་འགན་དང་གཞི་རྩའི་འཐབ་ཇུས།  སྲིད་ཇུས་བྱེད་ཐབས་བཅས་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་།   དབུལ་སྐྱོར་རིག་གཞུང་དང་ལག་ལེན་གསར་སྐྲུན་གྲུབ་འབྲས་བརྗེ་རེས་བྱེད་པ།    དབུལ་ཐར་མཁྲེགས་གཏོར་གྱི་ཐུན་མོང་འདུ་ཤེས་སྔར་ལས་གཅིག་བསྡུས་བྱེད་པ།   ཕྱོགས་སོ་སོའི་སྟོགས་ཤུགས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ཕྱོགས་སུ་གཅིག་བསྡུས་བྱེད་པར་སྐུལ་སྤེལ་བྱེད་པ།   སྤྱི་ཚོགས་དབུལ་སྐྱོར་ཐོན་ཁུངས་དང་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་ཆ་འཕྲིན་ནུས་ཡོད་སྒོས་འབྲེལ་མཐུད་བྱེད་པ།   ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར།  སྤྱི་ཚོགས་དབུལ་སྐྱོར་བཅས་ཕྱོགས་གསུམ་གཞི་གཅིག་གི་དབུལ་སྐྱོར་རྣམ་པ་ཆེན་པོ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཐད་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་པ་དང་།   སྟོབས་དང་ལྡན་པའི་མཁྲེགས་གཏོར་མཉམ་ཤུགས་གཅིག་བསྡུས་བྱེད་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་གྱིས་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་དམངས་ཡོངས་ཟབ་ཞུགས་བྱེད་པ།   མཐུན་སྦྱོར་མཉམ་སྒུལ་བྱེད་པ། མཉམ་ཤུགས་གྲུབ་པར་བྱེད་པ།   དྲང་ཕྱོགས་ནས་དྲིལ་སྒྲོག་བྱེད་པ།   དཔེ་སྟོན་སྣེ་ཁྲིད་བྱེད་པ་སོགས་ཀྱི་རྩ་དོན་ལྟར།  དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་པ་དང་།   ཁ་ཚོའི་དབུལ་ཐར་མཁྲེགས་གཏོར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་པ།   གསར་སྐྲུན་གསོན་ཤུགས་སྔོག་འདོན་བྱེད་པ།  དབུལ་སྐྱོར་མཁྲེགས་གཏོར་གྱི་དཔེ་ལེགས་མི་སྣ་དང་སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་བྱེད་པ།   སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་གོང་འོག་མཉམ་འགུལ་དང་མཉམ་ཤུགས་གྲུབ་པར་བྱེད་རྒྱུ་རེད།