རྩེ་ཁོག་རྫོང་གིས་སྐབས་དང་པོའི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་ཆེན་མོ་སྤེལ།
2018.10.18 ཁུངས། རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 953


ཟླ10པའི་ཚེས17ཉིན།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་རྫོང་ཡོངས་ལ་ཁ་ཕྱོགས་ཏེ།“གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་གསུང་ལ་ཉན།ཏང་གི་རྗེས་སུ་འབྲང་ནས་འགྲོ”ཞེས་པ་བརྗོད་གཞི་ཡིན་པའི་ཆུང་འབྲིང་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་བྱ་འགུལ་སྤེལ།ཐེངས་འདིའི་བྱ་འགུལ་ཁྲོད་རྫོང་ཡོངས་ཀྱི་ཆུང་འབྲིང་སློབ་གྲྭ 25དང་ཆུང་འབྲིང་སློབ་མ54འགྲན་སྡུར་ལ་ཞུགས། འགྲན་སྡུར་ལ་སློབ་ཆུང་ཚན་ཁག་གི་བོད་ཡིག་དང་རྒྱ་ཡིག་ཚན་སྐོར། སློབ་འབྲིང་ཚན་སྐོར་གྱི་བོད་ཡིག་དང་རྒྱ་ཡིག་བཅས་བསྡོམས་པས་ཚན་སྐོར་བཞི་རུ་བགོས་ཡོད།སློབ་གྲྭ་སོ་སོས་རང་རང་གི་སློབ་ཁུལ་ནས་ཐོག་མའི་དཔྱད་འདེམས་བྱས་པ་བརྒྱུད།འགྲན་ཞུགས་པ57ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ལ་ཞུགས།

ཐེངས་འདིའི་འགྲན་སྡུར་བརྒྱུད་དེ།སློབ་མ་རྣམས་ཀྱི་འཇོན་ནུས་སྐྱེད་བསྲིངས་དང་།མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བ།ནམ་ཡང་ཏང་གི་རྗེས་སུ་དམ་པོར་འབྲངས་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་སྐྱེད་བསྲིང་བྱེད་པར་རྨང་གཞི་བཟང་པོ་བཏིངས།


གསར་འགོད་པ། ཁྱུང་ཐར་རྒྱལ།