ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་ལྷོ་ཁུལ་རིག་སྨོན་གྲོང་རྡལ་དང་བྲག་དཀར་རྫོང་སུ་ཁངས་ཆེན་བབས་ནས་ལམ་ནང་དུ་དར་ཆགས་ཏེ་རླངས་འཁོར་བགྲོད་པར་གནོད་པ་ཆེན་པོ་ཐེབས་འདུག་པར་དམིགས་ནས་མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་མྱུར་དུ་བདེ་འཇགས་འགན་སྲུང་བྱ་བར་ཞུགས་ནས་རླངས་འཁོར་ཤར་གཏོང་ཡོང་བར་ཁག་ཐེག་བྱས།

སྤེལ་དུས། 2018-05-11 09:12:57   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།

1.png

ཁྱེད་ཚོའི་བགྲོད་ལམ་ཤར་གཏོང་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན།

2.png

ཁ་བ་བུ་ཡུག་ཅི་འདྲ་འཚུབ་རུང་ཁྱེད་ཚོའི་ཚེ་སྲོག་གི་ཆེད་དུ་ང་ཚོ་སྔར་བཞིན་ཀྲོང་ངེར་ལངས་འདུག

5.png

ཁྱེད་ཚོའི་གཞུག་ན་ང་ཚོ་ཡོད་པས་སེམས་བདེ་མོའི་ངང་མདུན་དུ་སྐྱོད་རོགས།

 

6.png

ང་ཚོ་ནི་གཞུང་ལམ་འདིའི་སྟེང་གི་བདེ་འཇགས་ཀྱི་ལྕགས་རི་ཡིན།

3.png

ང་དང་ལྕགས་ཁེམ་ནི་རླངས་འཁོར་ཤར་གཏོང་བྱེད་པའི་ཁ་ལོ་བའི་བློས་ཐུབ་གྲོགས་པོ་ཡིན།

4.png

གྲལ་འགྲིགས་ཤིང་མདོག་མཉམ་པའི་རུ་དཔུང་འདི་ནི་མཚོ་ལྷོའི་འགྲིམ་འགྲུལ་ཉེན་རྟོག་པའི་བརྗིད་ཉམས་ཡིན།

ཟླ་ལྔ་བའི་ཚེས་བཅུ་ཉིན། མཚོ་ལྷོ་ཁུལ་རིག་སྨོན་གྲོང་རྡལ་དང་བྲག་དཀར་རྫོང་སུ་ཁངས་ཆེན་བབས་ནས་ལམ་ནང་དུ་དར་ཆགས་ཏེ་རླངས་འཁོར་བགྲོད་པར་གནོད་པ་ཆེན་པོ་ཐེབས་འདུག་པར་དམིགས་ནས་མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་མྱུར་དུ་བདེ་འཇགས་འགན་སྲུང་བྱ་བར་ཞུགས་ནས་རླངས་འཁོར་ཤར་གཏོང་ཡོང་བར་ཁག་ཐེག་བྱས།

ཟླ་ལྔ་བའི་ཚེས་བཅུ་ཉིན། མཚོ་ལྷོ་ཁུལ་རིག་སྨོན་གྲོང་རྡལ་དང་བྲག་དཀར་རྫོང་སུ་ཁངས་ཆེན་བབས་ནས་ལམ་ནང་དུ་དར་ཆགས་ཏེ་རླངས་འཁོར་བགྲོད་པར་གནོད་པ་ཆེན་པོ་ཐེབས་འདུག་པར་དམིགས་ནས་མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་མྱུར་དུ་བདེ་འཇགས་འགན་སྲུང་བྱ་བར་ཞུགས་ནས། རིག་སྨོན་གྱི་ཉི་ཟླ་རི་བོའི་ལམ་མཚམས་དང་བྲག་དཀར་རྫོང་གི་དཔལ་ཁ་རི་བོའི་ལམ་མཚམས་སུ་འབད་འབུངས་ལྷོད་མེད་ཀྱིས་ཁངས་དར་གཙང་ཕྱགས་བྱས་མཐར། ས་ཁུལ་སོ་སོའི་བགྲོད་ལམ་གྱི་ཁངས་ཡོངས་རྫོགས་གཙང་ཕྱགས་བྱས་ཚར་བ་མ་ཟད། དུས་ཡུན་ཐུང་ངུའི་ནང་དུ་རླངས་འཁོར་ཆེ་མ་ཆུང་གསུམ་དལ་བགྲོད་ངང་ཤར་གཏོང་བྱེད་ཐུབ་པར་གྱུར། མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་རླངས་འཁོར་ཁ་ལོ་བ་རྣམས་ལ་བརྩེ་བའི་གསལ་བརྡ་བཏངས་པ་འདི་ལྟར། ཁངས་འབབ་སྐབས་ལམ་ངོས་ནས་རླངས་འཁོར་ཤུད་རྒྱུར་ཧ་ཅང་ཉེན་ཁ་ཆེ་བས། རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་རེ་རེ་ཡི་བར་ཐག་ངེས་ཅན་བཞག་ནས། མགྱོགས་ཚད་ཚད་དང་རན་ཞིང་བདེ་འཇགས་སྒོས་བསྐྱོད་པར་སེམས་ཞིབ་མོས་གཟབ་ནན་བྱེད་དགོས་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།