ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གོམས་སྟབས་ཇེ་མགྱོགས་སུ་བཏང་།

སྤེལ་དུས། 2018-05-14 09:28:14   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ཧ་ཅང་དབུལ་ཡིན་པའི་ས་ཁུལ་གྱི་སྲིད་འཛིན་སྡེ་བ་རུ་ཧྲུའུ་ཅི་དང་པོ་བཅའ་སྡོད་བྱེད་པ་དང་ལས་བྱེད་པས་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་རོགས་སྐྱོར་གྱིས་ཁེབས་པར་བྱེད་པ་དོན་འཁྱོལ་བྱེད་དགོས་ཞེས་པའི་བླང་བྱ་གཞིར་བཟུང་ནས། ཧྲུའུ་ཅི་དང་པོ་འདེམ་མངག་བྱས་པ་དང་སྡེ་སྡོད་བྱ་བའི་ལས་བྱེད་པའི་ཁོངས་མི་དང་དབུལ་སྐྱོར་ཁྱིམ་ཚང་འབྲེལ་མཐུད་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་གོམས་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་།

དཔྱིད་ཚུགས་པའི་ཚུན་ལ། གུང་ཧོ་རྫོང་གིས་ཞིང་ཆེན་ཏང་ཨུའི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་ཇུས་གཞིར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་སྐོར་གྱི་བླང་བྱ་ལྟར། སྟོབས་ཤུགས་ཇེ་དྲག་དང་ལམ་ལུགས་འཐུས་ཚང་། སྒྲིག་ཁྲིམས་གཟབ་ནན། འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་རྫོང་ཐད་གཏོགས་ལས་ཁུངས་དང་རྒྱལ་དབང་ཁེ་ལས་སོགས་སུ་ཡང་བསྐྱར་ལས་བྱེད་པ་འཐེན་སྐོང་བྱས་ཏེ་གུང་ཧོ་རྫོང་གི་སྐོར་གཉིས་པའི་སྡེ་སྡོད་བྱ་བའི་རུ་ཁག་བཙུགས་པ་དང་དབུལ་ཕོངས་ཞང་དང་སྡེ་བར་ཟབ་ཞུགས་བྱས་ཏེ་དབུལ་སྐྱོར་རོགས་སྐྱོར་བྱ་བ་སྤེལ། མིག་སྔར། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གི་ཁོངས་མི་ཉིས་བརྒྱ་ཉེར་གཅིག་མངག་པར་མ་ཟད། གཉིས་སྐྱོར་ནང་རྐྱེན་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་བསྡོམས་པས་རོགས་ཁ་གཏད་རོགས་སྐྱོར་ཁྱིམ་ཚང་སྟོང་གཉིས་དང་བརྒྱ་དང་རེ་ལྔར་བགོས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་སྡེ་བ་དང་དབུལ་ཕོངས་མིན་པའི་སྡེ་བར་ཁ་གཏད་རོགས་སྐྱོར་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

དེ་དང་མཉམ་དུ། གསར་དུ་འདེམ་མངག་བྱས་པའི་སྡེ་སྡོད་བྱ་བའི་རུ་ཁག་གི་མི་སྣར་ལས་འགན་མ་ཁུར་བའི་སྔོན་གྱི་གསོ་སྦྱོང་སྤེལ་ཏེ་སྡེ་སྡོད་བྱ་བའི་རུ་ཁག་གི་མི་སྣས་གནད་ཕིགས་དབུལ་སྐྱོར་བྱ་བར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པར་རོགས་སྐྱོར་བྱས་པར་མ་ཟད། འཚོ་བའི་སྒྲིག་ཆས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་མི་སྣས་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་པར་ཆ་རྐྱེན་ལེགས་པོ་བསྐྲུན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།