ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་དང་སྤྱི་ཐུན་དོ་དམ་སློབ་གླིང་གི་ལག་ལེན་རྟེན་གཞིའི་གྲོས་མཐུན་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་ཁྲི་ཀ་རྫོང་གི་འཕྲང་དམར་གྲོང་བརྡལ་དུ་བསྡུས།

སྤེལ་དུས། 2018-05-14 09:58:23   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་དང་སྤྱི་ཐུན་དོ་དམ་སློབ་གླིང་གི་ལག་ལེན་རྟེན་གཞིའི་གྲོས་མཐུན་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འཕྲང་དམར་གྲོང་བརྡལ་དུ་བསྡུས།

འཕྲང་དམར་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་ནོར་བུ་ཡིས་བཤད་རྒྱུར། ལག་ལེན་རྟེན་གཞི་བཙུགས་པ་དེས་གྲོང་བརྡལ་རང་གི་སྡེ་བ་རིམ་པའི་ཏང་འཛུགས་བྱ་བར་ཤུགས་བསྣན་པར་མ་ཟད། ཏང་ཡོན་རྣམས་ཀྱི་ཕྱོགས་ཡོངས་བྱང་ཚད་ཇེ་མཐོར་འགྲོ་བར་རྨང་གཞི་བརྟན་པོ་བཏིང་། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་དང་སྤྱི་ཐུན་དོ་དམ་སློབ་གླིང་གི་སྤུས་ཚད་མཐོ་བའི་དགེ་རྒན་གྱི་སྟོབས་ཤུགས་ལ་བསྟུན་ནས་འཕྲང་དམར་གྲོང་བརྡལ་གྱི་ལས་བྱེད་པས་སྣ་མང་རང་བཞིན་གྱི་གསོ་སྦྱོང་ལོངས་སུ་སྤྱོད་ཐུབ། ཏང་ཡོན་གསོ་སྦྱོང་དང་སྡེ་བའི་ལས་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་གཙོ་གནད་དུ་འཛིན་པའི་མཉམ་ལས་མཉམ་འཛུགས་བྱས་པ་བརྒྱུད། འཕྲང་དམར་གྲོང་བརྡལ་གྱི་ཏང་གི་འཛུགས་སྐྲུན་དང་གནད་ཕིགས་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ་སོགས་བྱ་བའི་ཐད་ནས་བརྒལ་གཏོར་གསར་བ་བྱུང་ཟེར།

དེ་དང་མཉམ་དུ་ལག་ལེན་རྟེན་གཞི་བཙུགས་པ་དེས་སློབ་མར་སློབ་གྲྭའི་ཕྱི་རོལ་དུ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་ས་ཞིག་འདོན་སྤྲོད་བྱས། མཚོ་སྔོན་མི་རིགས་སློབ་ཆེན་ཆབ་སྲིད་དང་སྤྱི་ཐུན་དོ་དམ་སློབ་གླིང་གི་སློབ་གཙོ་དབྱང་ཧུའུ་ཡིས་བཤད་རྒྱུར། ལག་ལེན་རྟེན་གཞིའི་མཉམ་ལས་འཛུགས་སྐྲུན་བྱས་པ་དེ་ལས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་བྱེད་པ་མཚོན་ཡོད་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།