ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས།

སྤེལ་དུས། 2018-06-08 10:15:17   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རིན་ཆེན་མཚོ།

ཟླ་དྲུག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གནས་སྐོར་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། སྲིད་གཞུང་གི་ཆེད་བསྐོས་བློ་མཐུན་དང་གནས་སྐོར་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ། རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་། གནས་སྐོར་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གནས་སྐོར་ཁེ་ལས་སྐོར་ཞིག་གི་འགན་ཁུར་མི་སྣ་བཅས་རྩ་འཛུགས་བྱས་ཏེ། ཏ་ཐུང་ཧོས་ཧྥུན་ཅིན་ཡོན་ཞིང་ལས་ཐོན་ལས་ར་བ་དང་ཧུའུ་ཀྲུའུ་ཡོའུ་ཙོས་ཝན་ལྗོངས་རྒྱུ་ཁུལ་སོགས་སུ་སོང་ནས་ལྟ་སྦྱོང་བྱས་པ་དང་། ཞིང་སྡེའི་གནས་སྐོར་འཛུགས་སྐྲུན་དང་བཟོ་ལས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་དང་སློབ་སྦྱོང་བྱས།

ལྟ་སྦྱོང་སྐབས་སུ། ཚོགས་ཞུགས་མི་སྣས་ཏ་ཐུང་ཧོས་ཧྥིན་ཅིན་ཡོན་ཞིང་ལས་ཐོན་ལས་ར་བའི་ཁུལ་དང་ཧུའུ་ཀྲུའུ་ཡོའུ་ཙོས་ཝན་ལྗོངས་རྒྱུ་ཁུལ་སོགས་ཀྱི་འགན་ཁུར་མི་སྣས་ལྗོངས་རྒྱུ་ཁུལ་གྱི་ཞིང་སྡེའི་གནས་སྐོར་དང་བཟོ་ལས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས་དང་། ཚོང་གཉེར་དོ་དམ་སོགས་ཕྱོགས་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པར་ཉན་པ་དང་། ཡུལ་དངོས་ནས་ཁྱད་ལྡན་བཟའ་བཏུང་དང་། སྣེ་ལེན་ལྟེ་གནས། ཞིང་སྡེའི་ཕྱིའི་རྣམ་པ། མེ་ཏོག་ལྡུམ་ར་སོགས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་སྐོར་བྱས་ལ། ནས་ཆང་ཐོན་སྐྱེད་བཟོ་རྩལ་དང་ཞིབ་བཤེར་བརྒྱུད་རིམ་སོགས་ནང་དོན་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད་བརྗེ་རེས་གཏིང་ཟབ་བྱས། ཚང་མས། ས་ཆ་སོ་སོའི་གནས་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། མི་རིགས་བྱ་བ་སོགས་ཕྱོགས་ནས་དཔེ་ལྟ་བྱེད་རིན་ལྡན་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།