ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

2018ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི༼ རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི ༽ གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་མཚོ་ལྷོ་ཁུལ་ནས་བསྡུས།

སྤེལ་དུས། 2018-06-10 11:06:35   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཐུབ་བསྟན།

སྤྱི་ཟླ་དྲུག་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་། མཚོ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་གནང་བའི2018ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི༼  རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི  ༽གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་མཚོ་ལྷོ་ཁུལ་ནས་བསྡུས་པ་དང་། ཞིང་ཆེན་དང་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།

ཐེངས་འདིའི་བྱ་འགུལ་སྟེང་རང་ཞིང་གི་ས་ཁུལ་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་མང་པོ་ཞུགས་ཏེ་འགྲེམ་སྟོན་བྱས་པས། མི་དམངས་མང་ཚོགས་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གལ་ཆེན་རང་བཞིན་ལ་རྒྱུས་མངའ་ཡོད་པར་བྱས་པ་མ་ཟད། སྔར་བས་ལྷག་པའི་སྒོ་ནས་མི་མང་པོ་དེའི་ཁྲོད་ཟབ་ཞུགས་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད།

ཤེས་གསལ་ལྟར་ན། མིག་སྔའི་བར་དུ་རང་ཞིང་ན་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་པའི་རྣམ་གྲངས་དྲུག་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་པའི་རྣམ་གྲངས་དོན་གསུམ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཚུད་པའི་རྣམ་གྲངས་ཉིས་བརྒྱ་དང་ང་གསུམ་བཅས་ཡོད་ལ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་གྱ་བརྒྱད་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཉིས་བརྒྱ་དང་དགུ་ཡོད་པ་རེད།

གཟུགས་འདས་ཤུལ་བཞག་རིག་གནས་ནི་མི་རིགས་ཀྱི་བློ་གྲོས་དང་བསམ་བློའི་ཉིང་བཅུད་ཡིན་ལ། ང་ཚོས་རིག་གནས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པའི་གཟུངས་ཐག་ལྟ་བུའང་ཡིན། ཐེངས་འདིའི་བྱ་འགུལ་གྱི་བརྗོད་གཞི་སྟེ“གཟུགས་འདས་ཤུལ་བཞག་རིག་གནས་འོད་དུ་འཚེར། སྐྱིད་པའི་འཚོ་བ་སྐབས་གསུམ་དཔལ་ལ་འགྲན”ཞེས་པས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱིས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པ་ཤེས་སུ་བཅུག་པ་དང་། ལྷག་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཚོ་སྔོན་ནས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་དར་རྒྱས་དང་ཞིང་གྲོང་འཛུགས་སྐྲུན་ལ་ཕན་ནུས་ངེས་ཅན་ཐོན་ཐུབ་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་བླ་མེད་འཇོག་ཐུབ་ངེས་རེད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ཟི་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་བང་ཡོན་བུའུ་ཡིས་ཤིས་ཚིག་འབུལ་བཞིན་པ།

རིག་རྩལ་འཁྲབ་སྟོན།

དམངས་གླུ་ལེན་བཞིན་པ།

གཞས་གཏོང་བཞིན་པ།

དམངས་གླུ་ལེན་བཞིན་པ།

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

རྡུང་ལེན་ལེན་བཞིན་པ།

རིག་རྩལ་འཁྲབ་སྟོན་མཇུག་རྫོགས་པ།

རི་མོའི་འབྲི་རྩལ།

དྲས་དྲུབ་བཟོ་རྩལ།

ཀོ་བརྙན་བཟོ་རྩལ།

གཙགས་དྲུབ་བཟོ་རྩལ།

འཚེམ་དྲུབ་བཟོ་རྩལ།

ཐང་གའི་རྒྱུན་འཛིན་པ།

འབའ་ཡུལ་ལག་བཟོས་ཕྱིང་ཞྭ།

ལྟད་མོ་བའི་ཟུར་ཞིག

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།