ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

བོད་རིག་པའི་མཁས་པ་ཆེན་པོ་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་ནས་བསྡུས།

སྤེལ་དུས། 2018-06-11 08:40:25   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

ཟླ6པའི་ཚེས10ཉིན། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་བྱས་པའི་བོད་རིག་པའི་མཁས་པ་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་རོང་བོ་གྲོང་རྡལ་དུ་གནས་པའི་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་ནས་བསྡུས།

རེབ་འདིའི་འགྲེམས་སྤེལ་མཛད་སྒོའི་སྟེང་རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའམ་བོད་རིག་པའི་མཁས་པ་ཆེན་པོ་འཇིགས་མེད་ཐེག་མཆོག་གི་དངོས་སློབ་ཤར་བསྟན་འཛིན་འཇིགས་མེད། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་སྐྱབས་རྒྱལ། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར་སོགས་འབྲེལ་ཡོད་འགོ་ཁྲིད་དང་། དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་སོགས་སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ཆེད་མཁས་པ། དེ་མིན་ཀིརྟི་དགོན་པའི་དགེ་བཤེས་བཟོད་པ་སོགས་གྲྭ་ས་ཁག་གི་དགེ་བཤེས། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་སྐད་ཡིག་གཞུང་སྒྲུབ་ཁང་སོགས་ནས་ཕེབས་པའི་འགན་འཁུར་མི་སྣ། འཇིགས་མེད་ཐེག་མཆོག་ལགས་ཀྱི་བུ་སློབ་དང་ཡུལ་མི་བཅས་མི་སུམ་བརྒྱ་ལྷག་ཞུགས་ཡོད། ཕྱི་དྲོའི་མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་དཔྱད་གླེང་ཚོགས་འདུ་བསྡུས་པ་ལ། གྲྭ་ས་ཁག་གི་དགེ་བཤེས་དང་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་ཀྱིས་བོད་རིག་པའི་མཁས་པ་ཆེན་པོ་འདིའི་མཛད་པ་འཕྲིན་ལས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། ཁོའི་བླ་ན་མེད་པའི་རིག་གནས་ཀྱི་སྙིང་སྟོབས་དང་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ལ་དཔྱད་བརྗོད་གནང་ཡོད་པ་རེད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།