ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱས།

སྤེལ་དུས། 2018-06-12 09:10:41   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞི་ལ་རྒྱབ་སྐྱོར་བྱས་པ་དང་། གཙོ་བོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་བཅོས་སྐྱོང་དང་གནོད་ལྡན་སྐྱེ་དངོས་སྔོན་འགོག བརླན་ས་སྲུང་སྐྱོབ་དང་བྱེ་འགྱུར་ས་ཁུལ་གྱི་སྔོན་འགོག་དང་བཅོས་སྐྱོང་སོགས་ལས་གཞི་ཐད་བཀོལ་སྤྱོད་བྱས།

མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འགོ་ཁུངས་སུ་གནས་ཡོད་པ་དང་། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་འཐབ་ཇུས་ལ་སྐུལ་འདེད་བྱེད་པར་མཐོང་ཆེན་བྱས་ཏེ། 2013ལོ་ནས་བཟུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞི་ལས་འགོ་ཚུགས་པའི་ཚུན་དུ། ཀྲུང་དབྱང་གི་ཆེད་དོན་རྣམ་གྲངས་དང་འགྲོ་གྲོན་སྔ་འདོན་སོགས་བརྩོན་ལེན་བྱས་ཏེ། མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་ནུས་ཡོད་སྒོས་རིགས་སོ་སོའི་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གྱི་རྒྱུན་མཐུན་སྐུལ་སྤེལ་ལ་འགན་སྲུང་བྱས་པ་དང་། སྐྱེ་ཁམས་ལྕགས་རི་འཛུགས་སྐྲུན་ཉིན་རེར་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་བྱས། ཐེངས་འདིའི་མ་དངུལ་གྱིས་ནུས་ཡོད་སྒོས་རྩྭ་ཐང་དང་འབྲོག་ཁུལ་དུ་མིས་ཐབས་ཀྱིས་རྩྭ་འདེབས་པ་དང་རྩྭ་སར་ར་བསྐོར་བ་སོགས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཨ་བྲ་མེད་པར་གཏོང་བ་དང་དུག་རྩྭ་མེད་པར་གཏོང་བ། སྤུས་ལེགས་ཕྱུགས་རྩྭ་ཁྱབ་སྤེལ་བྱེད་པ། ལུགས་མཐུན་གྱིས་ཕྱུགས་འཚོ་བ་སོགས་རྩྭ་སར་སྲུང་སྐྱོབ་དང་ལེགས་སྒྱུར་བྱེད་ཐབས་འཐུས་ཚང་དུ་གཏོང་ཐུབ་པས། ངེས་པ་དོན་གྱིས་རྩྭ་ས་ཞན་འགྱུར་གྱི་རྣམ་པ་གཏན་འགོག་དང་རྩྭ་ཕྱུགས་ཀྱི་འགལ་བ་ཐག་གཅོད་བྱེད་ཐུབ་ཅིང་། མཚོ་དང་མཚེའུ་ཡི་ཆུ་ཁོངས་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཆུ་འདོན་སྤྲོད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། བརླན་སའི་སྐྱེ་ཁམས་བྱེད་ནུས་མཐོར་འདེགས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ནག་ནེའུ་གསིང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་འབྱོར་གྱི་ཕན་ཁེ་འདོན་སྤེལ་བྱས་ཏེ་མཐོ་སྒང་གི་ལྗང་མདོག་ཚོང་རྟགས་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ཐད་དུ་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་རྒྱུ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།