ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

ཐུན་ཏེ་རྫོང་གིས་མང་ཚོགས་ལ་ཕན་འབྲས་མཐོ་བའི་སྲིད་གཉེར་ཞབས་ཞུ་འདོན་སྤྲོད་བྱས།

སྤེལ་དུས། 2018-06-20 09:40:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐལ་བཟང་རྣམ་རྒྱལ།

མང་ཚོགས་ལ་སྔར་ལས་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་མཉམ་སྦྲེལ་དྲ་རྒྱའི་སྲིད་དོན་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་ཆེད། མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཞིང་ཆེན་སྲིད་གཞུང་བྱ་བའི་ཆ་འཕྲིན་མ་ལག་ཕྱོགས་བསྡུས་མཉམ་སྤྱོད་ཀྱི་བྱ་བའི་བྱེད་ཕྱོགས་ལྟར། ཐུན་ཏེ་རྫོང་གི་འགན་དབང་ཐོ་ཡིག་ལ་ཟུང་འབྲེལ་བྱས་ནས། ལས་ཁུངས་དང་སྡེ་ཁག་རེ་རེ་ཕྱོགས་བསྡུས་བྱས་ནས་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། སྲིད་གཉེར་བྱ་བའི་རྣམ་གྲངས་རེ་རེ་ལ་སྒྲིག་འགོད་ནན་མོ་བྱས།

མིག་སྔའི་བར་དུ་སྲིད་གཞུང་གི་སྡེ་ཁག་སོ་སོས་སྲིད་གཉེར་ཞབས་ཞུ་འི་སྒྲིག་བཀོད་བྱ་བ་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད། སྲིད་གཉེར་ཞབས་ཞུའི་ལས་ཀ་དེ་གཙོ་གཟུགས་དང་བྱ་བའི་རིགས། མིང་། རྩ་བའི་སྒྲིག་རྟགས་ཨང་ཀི སྒྲིག་འཛུགས་ཀྱི་གཞི་འཛིན་ས། འགན་སྒྲུབ་ལས་ཁུངས། འགན་འདེད་གནས་སྟངས་སོགས་རིམ་པ་ལྟར་བཀར་ནས། བསྡོམས་པས་བྱ་བའི་རྣམ་གྲངས་ཁྲི་གཉིས་དང་སྟོང་གསུམ་དྲུག་བརྒྱ་ཞེ་དགུ་ཁ་སྐོང་བྱས་ལ། སྲིད་གཉེར་ཞབས་ཞུ་དེ་ཆེད་ལས་ཅན་དང་། ཞིབ་ཆ་ཅན། སྟབས་བདེ་ཅན་གྱི་རྣམ་པ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།