ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་མ་སྐྱེས་ཨ་མའི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས།

སྤེལ་དུས། 2018-07-05 10:50:39   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

 མཚོ་སྔོན་མ་སྐྱེས་ཨ་མའི་སྒོ་འབྱེད་མཛད་སྒོ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ཁུལ་གསར་གྱི་མ་སྐྱེས་ཨ་མའི་གསོལ་ཁང་དུ་གཟབ་རྒྱས་ངང་བསྡུས།

མ་སྐྱེས་ཨ་མ་ཞེས་པའི་གསོལ་ཁང་འདིའི་སྤྱིའི་ལས་གཉེར་ཁང་ནི་སྤྱི་ལོ1997ལོར་བཙུགས་པ་ཡིན་ལ། མ་སྐྱེས་ཨ་མ་ཞེས་པའི་ཚོང་རྟགས་གྲགས་ཅན་འདི་གསར་གཏོད་གནང་མཁན་ནི་སྐུ་ཞབས་ཚེ་རིང་དབང་ཆེན་ལགས་ཡིན། ཁོས་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོའི་ཡོངས་ཁུངས་སྣ་མང་ལ་བསམ་བློ་བཏང་ནས་དེང་རབས་ཚོང་གཉེར་ཕྱོགས་ལ་ཤུགས་བསྣན་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་དང་ཐུན་མོང་མ་ཡིན་པའི་རིག་གནས་དེར་ཡུལ་སྐོར་བ་དང་འཛད་སྤྱོད་པ་མང་པོས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོང་གིས་དེང་རབས་ཚོང་གཉེར་དང་བཟའ་བཏུང་ལ་ཤུགས་བསྣན་ནས་ཟས་རིགས་སྣ་མང་ཅན་དུ་གྱུར་ཡོད་ལ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཟ་ཁང་འདི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གཉིས་ཟུང་དུ་སྦྲེལ་ཡོད་པས་མ་སྐྱེས་ཨ་མ་ཞེས་པའི་མིང་རྟགས་གྲགས་ཅན་འདི་བོད་རང་གི་ས་ཆ་ནས་ས་ཁྱབ་རྡོ་ཁྱབ་དུ་སོང་བར་མ་ཟད། རྒྱལ་ས་པེ་ཅིན་དང་ནང་ལོག་གི་ས་ཆ་མང་པོ་ནའང་དགའ་བསུ་མི་ཉུང་བ་ཐོབ་བཞིན་ཡོད། མ་སྐྱེས་ཨ་མའི་གཞན་དང་མི་མཚུངས་པའི་ཁྱད་ཆོས་གཙོ་བོ་ནི“མ་སྐྱེས་ཨ་མ”ཞེས་པ་འདི་ཡིན་ལ། མིང་འདི་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཚངས་མགུར་ལས་བྱུང་བ་ཞིག་ཡིན། དེ་བས་འདི་ལ་རིག་གནས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངོ་མཚར་བ་ཞིག་ཡོད། མ་སྐྱེས་ཨ་མ་ནི་བོད་ཟས་རིག་གནས་དང་འབྲེལ་བའི་ཚོང་རྟགས་གྲགས་ཅན་ཞིག་ཡིན་པར་མ་ཟད། རོ་བཅུད་ཕུན་སུམ་ཚོགས་པའི་བོད་ཀྱི་ཟས་རིགས་སྣ་ཚོགས་ནང་ལོགས་སུ་འདྲེན་པའི་འབྲེལ་མཐུད་གསོལ་ཚིགས་ཁང་ཞིག་ཀྱང་ཡིན།

མ་སྐྱེས་ཨ་མའི་སྤྱིའི་ལས་གཉེར་ཁང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་ཁྲོམ་གཞུང་དུ་ཡོད་ཅིང་། རྒྱལ་ས་པེ་ཅིན་དང་ཡོན་ནན་ཁོན་མིན་སོགས་སུ་ཡན་ལག་ཁང་བཙུགས་ཡོད་ལ། རྒྱ་གར་དང་བལ་ཡུལ། བོད་ལྗོངས་སོགས་ཀྱི་བཟའ་བཏུང་རིག་གནས་གཙོ་བོར་བྱས་ནས་ད་ལྟའི་བར་དུ་བོད་ཀྱི་གནའ་དེང་གཡོས་སྦྱོར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། མི་རིགས་རིག་གནས་ཀྱི་ལག་ཤེས་དང་ཞབས་ཕྱི་སོགས་གང་ཐད་ནས་ས་གནས་མང་ཚོགས་དང་ན་གཞོན་མང་པོའི་ལས་ཞུགས་ཀྱི་དགོས་མཁོ་བསྐངས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་གསར་བ་ཞིག་བཏོད།

ཐེངས་འདིར་མཚོ་སྔོན་ནས་མཚོ་སྔོན་མ་སྐྱེས་ཨ་མའི་གསོལ་ཁང་ཞེས་པ་ཞིག་ཕྱེས་ཤིང་། མ་སྐྱེས་ཨ་མ་ཟི་ལིང་ཡན་ལག་ཁང་ནི་མཚོ་སྔོན་གྱི་སྤྱིའི་ལས་གཉེར་ཁང་ཡིན་ལ། བོད་ཀྱི་བཟོ་བཀོད་རིག་གནས་ཀྱི་གཞི་རྒྱུ་ཡོངས་སུ་འདྲེས་པར་བྱས་ཏེ། ཐུན་མོང་མ་ཡིན་པའི་ལག་བཟོའི་མཛེས་སྤྲས་དང་ཁྱད་ཆོས་ཀྱིས་མངོན་པར་བརྒྱན་འདུག་ལ། ཚད་ལྡན་གྱི་ཞབས་ཞུ་དང་སྒྲིག་ཆས་ནང་འདྲེན་བྱས་ཡོད་པས། གནའ་དེང་ཟུང་འབྲེལ་གྱི་ཆ་ཡོངས་སུ་ཚང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པ་ཞིག་རེད། གསོལ་ཁང་འདིའི་འགན་འཛིན་པ་ནི་ཚེ་དབང་རྡོ་རྗེ་དང་བློ་བཟང་བརྩོན་འགྲུས་གཉིས་ཡིན། ཁོ་གཉིས་ནི་ཚོང་ལས་ཀྱི་ཕྱོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་བོད་ཀྱི་ཁེ་ལས་པ་གཉིས་ཡིན། ཁོང་གཉིས་ཀྱིས་བོད་མི་རིགས་ཀྱི་ཚོང་ལས་ཀྱི་ཕྱོགས་ལ་འབད་པ་ལྷུར་ལེན་བྱས་ནས་བོད་ཀྱི་ཚོང་ལས་ཀྱི་ལམ་ཁ་འདི་ཉིད་འཕེལ་རྒྱས་སུ་གཏོང་བ་དང་། དབུལ་སྐྱོར་མཁྲེགས་གཏོར་དང་ན་གཞོན་རྣམས་ལ་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པར་འབད་བརྩོན་བྱེད་བཞིན་ཡོད།

                                         
webwxgetmsgimg (6).jpg
མཚོ་སྔོན་མ་སྐྱེས་ཨ་མ་གསོལ་ཚིགས་ཁང་།
webwxgetmsgimg (8).jpg
མཚོ་སྔོན་མ་སྐྱེས་ཨ་མ་གསོལ་ཚིགས་ཁང་གི་ཟུར་ཞིག
1257972438.jpg
གསར་འགོད་པས་མཚོ་སྔོན་མ་སྐྱེས་ཨ་མའི་འགན་འཛིན་པ་ཚེ་དབང་རྡོ་རྗེ་ལ་བཅར་འདྲི་བྱེད་ཀྱིན་པ། 

webwxgetmsgimg (7).jpg
གསར་འགོད་པས་མཚོ་སྔོན་མ་སྐྱེས་ཨ་མའི་འགན་འཛིན་པ་བློ་བཟང་བརྩོན་འགྲུས་ལ་བཅར་འདྲི་བྱེད་བཞིན་པ།

webwxgetmsgimg (4).jpg

མཚོ་སྔོན་མ་སྐྱེས་ཨ་མའི་གསོལ་ཚིགས་ཁང་གི་ཟུར་ཞིག
hkl
    རིག་རྩལ་འཁྲབ་སྟོན།

webwxgetmsgimg (1).jpg
རིག་རྩལ་འཁྲབ་སྟོན།

webwxgetmsgimg (5).jpg
མདོ་དབུས་ཁམས་གསུམ་གྱི་སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་མ་སྐྱེས་ཨ་མའི་ནང་གསོལ་ཚིགས་ལ་རོལ་བཞིན་པ།


རྩོམ་སྒྲིག་པ། སྐར་མ་འཚོ།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

 

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།