ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མཚོ་སྔོན་མ་སྐྱེས་ཨ་མ་གསོལ་ཚིགས་ཁང་གི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས།

སྤེལ་དུས། 2018-07-05 14:15:18   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།


ཟླ7པའི་ཚེས4ཉིན། མཚོ་སྔོན་མ་སྐྱེས་ཨ་མ་གསོལ་ཚིགས་ཁང་གི་སྒོ་འབྱེད་མཛད་སྒོ་ཟི་ལིང་མཁར་ནུབ་ཁུལ་དུ་བསྡུས།

མ་སྐྱེས་ཨ་མ་ནི་བོད་ཟས་རིག་གནས་དང་འབྲེལ་བའི་ཚོང་རྟགས་གྲགས་ཅན་ཞིག་ཡིན་པར་མ་ཟད། རོ་བཅུད་ཕུན་སུམ་ཚོགས་པའི་བོད་ཀྱི་ཟས་རིགས་སྣ་ཚོགས་ནང་ལོགས་སུ་འདྲེན་པའི་འབྲེལ་མཐུད་གསོལ་ཚིགས་ཁང་ཞིག་ཡིན།
མ་སྐྱེས་ཨ་མའི་སྤྱིའི་ལས་གཉེར་ཁང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་ཁྲོམ་གཞུང་དུ་ཡོད་ཅིང་། པེ་ཅིན་དང་ཁོན་མིན་སོགས་སུ་ཡན་ལག་ཁང་བཙུགས་ཡོད་ལ། རྒྱ་གར་དང་བལ་ཡུལ། བོད་ལྗོངས་སོགས་ཀྱི་བཟའ་བཏུང་རིག་གནས་གཙོ་བོར་བྱས་ནས་ད་ལྟའི་བར་དུ་བོད་ཀྱི་གནའ་དེང་གཡོས་སྦྱོར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། མི་རིགས་རིག་གནས་ཀྱི་ལག་ཤེས་དང་ཞབས་ཕྱི་སོགས་གང་ཐད་ནས་ས་གནས་མང་ཚོགས་དང་ན་གཞོན་མང་པོར་ལས་ཞུགས་ཀྱི་དགོས་མཁོ་བསྐངས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་སྒོ་འཚོལ་བའི་ཐབས་ལམ་གསར་བ་ཞིག་བཏོད་ཡོད།

མ་སྐྱེས་ཨ་མ་ཟི་ལིང་ཡན་ལག་ཁང་ནི་མཚོ་སྔོན་གྱི་སྤྱིའི་ལས་གཉེར་ཁང་ཡིན་ལ། བོད་ཀྱི་བཟོ་བཀོད་རིག་གནས་ཀྱི་གཞི་རྒྱུ་ཡོངས་སུ་འདྲེས་པར་བྱས་ཏེ། ཐུན་མོང་མ་ཡིན་པའི་ལག་བཟོའི་མཛེས་སྤྲས་དང་ཁྱད་ཆོས་ཀྱིས་མངོན་པར་བརྒྱན་འདུག་ལ། ཚད་ལྡན་གྱི་ཞབས་ཞུ་དང་སྒྲིག་ཆས་ནང་འདྲེན་བྱས་ཡོད་པས། གནའ་དེང་ཟུང་འབྲེལ་གྱི་ཆ་ཡོངས་སུ་ཚང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པ་ཞིག་རེད།

མ་སྐྱེས་ཨ་མ་གསོལ་ཚིགས་ཁང་ནི་སྤྱི་ལོ1997ལོར་བཙུགས་པ་ཞིག་ཡིན་ལ། མ་སྐྱེས་ཨ་མ་ཞེས་པའི་ཚོང་རྟགས་གྲགས་ཅན་འདི་གསར་གཏོད་གནང་མཁན་ནི་སྐུ་ཞབས་ཚེ་རིང་དབང་ཆེན་ཡིན། ཁོས་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོའི་ཡོངས་ཁུངས་སྣ་མང་ལ་བསམ་བློ་བཏང་ནས་དེང་རབས་ཚོང་གཉེར་ཕྱོགས་ལ་ཤུགས་བསྣན་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་དང་ཐུན་མིན་རིག་གནས་དེར་ཡུལ་སྐོར་བ་དང་འཛད་སྤྱོད་པ་མང་པོས་དགའ་བསུ་ཆེས་ཆེར་ཐོབ་བཞིན་ཡོད།

མ་སྐྱེས་ཨ་མ་ཟི་ལིང་ཡན་ལག་གསོལ་ཚིགས་ཁང་།

མ་སྐྱེས་ཨ་མ་ཟི་ལིང་ཡན་ལག་གསོལ་ཚིགས་ཁང་གི་སྣོད་ཀྱི་བཀོད་པ།

མ་སྐྱེས་ཨ་མ་ཟི་ལིང་ཡན་ལག་གསོལ་ཚིགས་ཁང་གི་སྣོད་ཀྱི་བཀོད་པ།

JIU_0418.jpg

མཛད་སྒོར་ཞུགས་པའི་ཕྱོགས་སོ་སོའི་སྐུ་མགྲོན།



བདྨ་བསྟན་འཛིན་གྱིས་སྦྱིན་བདག་རྣམས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་བཞིན་པ།

JIU_0437.jpg

གླུ་བ་དཔལ་མགོན་ཐར་གྱིས་དམངས་གླུ་སྙན་མོ་ཞིག་གིས་མཛད་སྒོའི་སྒོ་འཕར་ཡངས་པོར་ཕྱེས།

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

གླུ་བ་རིག་འཛིན་ཐར་གྱིས་སྙན་གཞས་ངག་ལ་འགུག་བཞིན་པ།

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

གླུ་མ་བདྨ་འཚོས་སྙན་གཞས་གཏོང་བཞིན་པ།

གླུ་མ་མེ་ཏོག་གིས་སྙན་གཞས་གཏོང་བཞིན་པ།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།