ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོས་སྐབས་དང་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་བསྡུས།

སྤེལ་དུས། 2018-07-06 08:40:45   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྷ་མོ་ཚེ་རིང་།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པས་ཡུལ་དངོས་ནས་བཀོད་པའི་གསར་འགྱུར།

དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོའི་སྐབས་དང་པོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐབས་གསུམ་པའི་གླིང་རྟེན་འབྲེལ་གསེར་ཁྲི་རྟགས་མའི་རྟ་རྒྱུག་འགྲན་སྡུར་ཟླ་བདུན་པའི་ཚེས་བཞི་ཉིན་གྱི་སྔ་དྲོར་ཁྱི་འབྲི་ཡུལ་ཚོའི་རྟེན་འབྲེལ་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་དུས་སྟོན་བྱ་འགུལ་གྱི་ནང་དོན་ལ་བོད་རང་གི་སྲོལ་རྒྱུན་དང་མཐུན་པའི་རྟ་རྒྱུག་འགྲན་སྡུར་དང་མདའ་འཕེན། ཐག་འཐེན། གཡག་རྒྱུག། ས་སྒྱེ་འཇོག་པ། ཁལ་འགེལ། རྐང་རྒྱུག། ཨུར་རྡོ་འཕེན་པ་བཅས་འགྲན་སྡུར་གྱི་རིགས་སྣ་མང་པོ་ཡོད་པར་མ་ཟད། ད་དུང་སྲིད་འཛིན་སྡེ་བ་སོ་སོའི་ཕྱུགས་ཐོན་དངོས་རྫས་དང་ལག་ཤེས་བཟོ་ལས་སྐོར་གྱི་ཐོན་རྫས་མང་པོ་འགྲེམ་སྟོན་དང་ཕྱིར་འཚོང་བྱེད་པའི་བྱ་འགུལ་ཡང་དུས་མཉམ་དུ་སྤེལ་བཞིན་ཡོད་པས། ཕྱོགས་ཡོངས་ཀྱི་ལྟད་མོ་བ་དང་ས་གནས་ཀྱི་ཡུལ་མི་སྤུན་ཟླ་ཡོངས་ལ་དབྱར་ཟླ་བདུན་པའི་དུས་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད། འགྲན་ཞུགས་པ་ཡོངས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པ། མི་རིགས་མཐུན་སྒྲིལ་ཅེས་པའི་རྩ་དོན་གཞིར་བཟུང་ནས་ཉིན་ལྔའི་རིང་ལ་གོང་གསལ་གྱི་འགྲན་ཞུགས་རྣམས་གྲངས་སོ་སོ་དྲང་བདེན་དྲང་བཞག་གིས་འགྲན་སྡུར་བྱེད་རྒྱུ་རེད།

ཁྱི་འབྲི་ཡུལ་ཚོའི་ཏང་སྲིད་དམངས་གསུམ་གྱིས་བསྡུས་པའི་མཉམ་སྤྲོའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་འདིར་མཚོན་ན་དཔལ་ཡོན་གྱི་བོད་སྡེ། ཁྱད་མཚར་གྱི་ཁྱི་འབྲི་ཞེས་པའི་མིང་གྲགས་ཇེ་མཐོར་གཏོང་བ་དང་། གོང་རིམ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ས་གནས་མང་ཚོགས་ཀྱིས་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་གླུ་རུ་བླངས་ཤིང་། མཐུན་སྒྲིལ་ཨ་ལོང་གི་ལག་རྡང་དམ་པོར་སྦྲེལ་ཏེ། ཧུར་བརྩོན་ཆེན་པོས་འབྱོར་འབྲིང་ལམ་དུ་བསྐྱོད་པའི་བརྩོན་སེམས་དང་རླབས་ཆེ་བའི་བཅོས་སྒྱུར་དུས་རབས་ཀྱི་གྲུབ་འབྲས་མངོན་མཚོན་བྱས་ཡོད།

webwxgetmsgimg.jpg
དགའ་བདེ་རྫོང་དང་ཁྱི་འབྲི་ཡུལ་ཚོའི་འབྲེལ་ཡོད་འགོ་ཁྲིད།

webwxgetmsgimg (1).jpg
དགའ་བདེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཁྱི་འབྲི་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་རིན་ཆེན་རྒྱ་མཚོས་ཤིས་ཚིག་འབུལ་བཞིན་པ།

webwxgetmsgimg (2).jpg
ཁྱི་འབྲི་ཡུལ་ཚོའི་ཡུལ་གཙོ་ངག་དབང་གིས་ཐེངས་འདིའི་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་བྱེད་བཞིན་པ།

webwxgetmsgimg (3).jpg
ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་པའི་ལག་ཤེས་བཟོ་ལས་ཀྱི་རིགས།

webwxgetmsgimg (4).jpg
ཐེངས་འདིའི་རྟ་རྒྱུག་གི་ཟུར་ཞིག

webwxgetmsgimg (6).jpg
དགའ་བདེ་རྫོང་གི་རྫོང་དཔོན་བསོད་ནམས་སྟོབས་དང་ཁྱི་འབྲི་ཡུལ་ཚོའི་ཏང་སྲིད་མགོ་ཁྲིད་པས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ལག་ཤེས་བཟོ་ལས་སྐོར་ལ་རྒྱུས་ལོན་བྱེད་བཞིན་པ།

webwxgetmsgimg (5).jpg
ལྟད་མོ་བའི་སྡེ།

webwxgetmsgimg (7).jpg
ཁོད་ཡངས་པའི་ཁྱི་འབྲི་རྩྭ་ཐང་གི་རྟ་རྒྱུག་ར་བ།


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།