ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་མདའ་སྡེ་བས་བྱ་བའི་ལམ་ལུགས་དགུ་ལག་བསྟར་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱས།

སྤེལ་དུས། 2018-07-10 09:44:50   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་མདའ་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མིག་སྔའི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་པ་དང་། སྔར་ཡོད་ཀྱི་འབྲེལ་ཡོད་སྲིད་ཇུས་ལམ་ལུགས་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང«ལབ་མདའ་སྡེ་བའི་གནད་འཁེལ་དབུལ་སྐྱོར་བྱ་བའི་དོ་དམ་ལམ་ལུགས»ཞིབ་འཇུག་གཏན་འབེབས་བཟོས་ཤིང་། དེའི་དམིགས་ཡུལ་ནི་ལབ་མདའ་སྡེ་བར་གནད་འཁེལ་དབུལ་སྐྱོར་བྱ་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་དང་ཏན་ཏིག་གི་བྱ་བའི་ལས་སྲོལ། གནད་དུ་འཁེལ་བའི་བྱ་བའི་བྱེད་ཐབས་བཏོན་ནས་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བཅས་ཀྱི་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་ཤུགས་སྣོན་བྱས།

«དོ་དམ་ལམ་ལུགས»འདིར་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱེད་པ་དང་། ཡིག་ཚགས་ལས་ཏེ་བྱང་བུ་སྟེར་བའི་འགུལ་རྣམ་དོ་དམ། ཆ་སྒྲིག་རོགས་སྐྱོར་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་པ། གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དོ་དམ། བྱ་བའི་སྙན་ཞུ་དང་ཆ་འཕྲིན་ཡར་སྤྲོད། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་ལས་ཞུགས་ཞིབ་བཤེར། སྲིད་ཇུས་དྲིལ་སྒྲོག འགན་འཁྲི་རྩད་གཅོད་ལམ་ལུགས་སོགས་ཕྱོགས་རྐྱང་བའི་ལམ་ལུགས་དགུ་འདུས་ཤིང་། བྱ་བའི་ནང་དོན་དང་ཐབས་ལམ། གོ་རིམ། དུས་ཚོད། འབྲེལ་ཡོད་འགན་ཁུར་མི་སྣ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་སོགས་ཐད་ལ་རེ་བ་དང་གཏན་ཁེལ་གསལ་བོ་བཏོན་ཞིང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ལམ་ལུགས་ལྟར་བྱ་བ་སྤེལ་ནས། རིགས་སོ་སོའི་བྱ་བར་སྒྲིག་ཡིག་བརྩི་རྒྱུ་ཡོད་པ་དང་སྒྲིག་ལམ་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཁྲི་འདུ་རྫོང་དབུལ་སྐྱོར་མཁྲེགས་གཏོར་འགོ་ཁྲིད་ཚན་ཆུང་གི་རིགས་སོ་སོའི་བཀོད་སྒྲིག་ལྟར། བརྟག་དཔྱད་ཞིབ་འཇུག་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་བྱ་བའི་བྱེད་ཐབས་ལེགས་སྒྱུར་བྱེད་པ། ནན་ཏན་གྱིས་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱེད་པ། དུས་ཐོག་ཏུ་བྱ་བའི་ཁྲོད་ཀྱི་མི་འདང་ས་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལབ་མདའ་སྡེ་བའི་གནད་འཁེལ་དབུལ་སྐྱོར་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་རྐྱེན་སྲོལ་ཅན། ཚད་ལྡན་ཅན། གནད་འཁེལ་ཅན་གྱི་དབུལ་སྐྱོར་བྱ་བའི་རྣམ་པ་གྲུབ་པར་བྱེད་རྒྱུ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།