ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྤྱི་ཚོགས་གསར་འགྱུར།

མགོ་ལོག་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་སྐུལ་སྤེལ་ཚོགས་འདུ་བསྡུས།

སྤེལ་དུས། 2018-07-11 09:34:31   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་གསེར་མཚོ།

ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་དང་གནད་དོན་དྲུག་དག་ཐེར་ལེགས་བཅོས་བྱེད་པའི་ཆེད་དོན་ཇུས་གཞི་བཟོ་བཅོས་བྱས་པའི་གནས་ཚུལ་བསྒྲགས་པར་མ་ཟད། གནད་དོན་ལ་དབྱེ་ཞིབ་བྱས་ཏེ་མི་འདང་ས་འཚོལ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྟན་དོན། ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དངོས་འབེབས་བྱས་ལ། ཐེངས་མང་པོར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གིས་ངོས་འཛིན་དང་ལེན་བྱས་པའི་དག་ཐེར་ལེགས་བཅོས་གནད་དོན་དྲུག་ལ་རེ་རེ་བཞིན་བྱ་བའི་ཇུས་གཞི་གཏན་འབེབས་བཟོས་ཤིང་། བྱེད་ཐབས་དངོས་དོན་འཁྱོལ་བྱས་ནས་གྲུབ་འབྲས་ལེགས་པོ་བླངས་ཟེར། ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གནད་དོན་ཡོད་ཚད་དག་ཐེར་གནད་དུ་འཁེལ་བ་བྱེད་པ་དང་། འགན་འདྲིའི་ཤུགས་ཚད་ཇེ་ཆེར་བཏང་ནས་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱས་པ་མི་ལེགས་སར་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས་ཟེར།

ཚོགས་འདུ་ལས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ། གཟབ་ནན་གྱིས«མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་སྣང་བསམ་འཆར་དག་ཐེར་ལེགས་བཅོས་བྱེད་པའི་ལག་བསྟར་ཇུས་གཞི»ལས་གཏན་འཁེལ་བྱས་པའི་དག་ཐེར་དམིགས་ཡུལ་དང་དག་ཐེར་བྱེད་ཐབས། དག་ཐེར་དུས་བཀག་གི་རེ་བ་ལྟར་དག་ཐེར་དམ་འཛིན་བྱས་ནས། ཁུལ་ཡོངས་ཀྱི་གནད་དོན་དྲུག་གི་དག་ཐེར་ལེགས་བཅོས་བྱ་བ་ཚད་གཞི་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།