སྤེལ་དུས།2019.01.07 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

                                                                                                

                                                        ཚོགས་འདུའི་ཟུར་ཞིག                               

ཚོ་ཤོག་གསར་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་ཟི་ལིང་སྰོ་ཧྥེ་ཐི་གསོལ་མགྲོན་ཁང་ནས་སྤེལ། ཚོགས་འདུའི་སྟེང་གདན་ཞུའི་སྐུ་མགྲོན་ཚོས་རང་རང་གི་ཁེ་ལས་གསར་སྤེལ་ལས་རིགས་ཀྱི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་བྱས་ནས།  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམིགས་ཚད་དང་མདུན་ལྗོངས་སྔར་ལས་བཟང་པོ་ཞིག་སྐྲུན་པར་སྐུལ་འདེད་བཏང་བ་རེད།

                                       སྐུ་མགྲོན་དག་གིས་ཐོན་རྫས་ལ་ལྟ་ཞིབ་མཛད་གྱིན་པ། 

བོད་ཀྱི་སློབ་གསོ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས་སློབ་གསོས་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་ནས་བོད་ཁུལ་གྱི་མི་ཤུགས་ཐོན་ཁུངས་འདོན་སྤྲོད་སྒྲིག་གཞི་དང་སློབ་གསོའི་རོགས་འདེགས་ཀྱི་མི་འདང་ས་སོགས་ངོ་སྤྲོད་བྱས་པ་བརྒྱུད།  དུས་རབས་གསར་བའི་འགྲོས་དང་བསྟུན་ནས་དཔལ་འབྱོར་ཤེས་ལྡན་པ་དང་བོད་ཁུལ་སྲོལ་རྒྱུན་རིག་གནས་སོགས་ཀྱང་ཤེས་པའི་བོད་ཀྱི་ན་གཞོན་འཇོན་མི་སྐྱེད་སྲིང་དང་གསོ་སྐྱོང་བྱེད་པ་བཅས་ཀྱི་ཕྱོགས་ལ་སྐུལ་འདེད་གང་ལེགས་གནང་བ་རེད། 

                                   ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས་གསུངས་བཤད་གནང་བཞིན་པ།

ཚོགས་ཐོག་ཏུ་ད་དུང་།  ཚོ་ཤོག་གསར་བའི་ལས་བྱེད་མི་སྣས་གླེང་སྟེགས་ཀྱི་དགོངས་གཞི་ཀུན་ལ་ཁྱབ་བསྒྲགས་བྱས་ནས་བོད་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་གཙོ་གནད་དུ་བཟུང་ནས།  བོད་ཁུལ་ཁེ་ལས་པའི       ་བར་མཐུན་སྒྲིལ་མཉམ་སྐྱོད་དང་རོགས་རེས་སྐུལ་སྤེལ་གྱི་ཟམ་ཆེན་ཞིག་བཙུགས་ཏེ།  བོད་ཀྱི་ཁེ་ལས་ལས་རིགས་ལ་གཞི་རྒྱ་ཆེ་བའི་གར་སྟེགས་ཤིག་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་རྒྱའི་ཆོད་སེམས་བརྟན་པོ་བསྟན།                             

                                             གདན་ཞུས་སྐུ་མགྲོན་གྱིས་གཏམ་བཤད་གནང་བཞིན་པ། 

ཚོ་ཤོག་གསར་པས་བྱེད་སྒོ་རབས་དང་རིམ་པ་སྤེལ་བ་བརྒྱུད་དེ་ན་གཞོན་གྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་ལ་དུས་གཏན་གྱི་ཁ་ཕྱོགས་འཚོལ་གྱིན་ཡོད།   ཐེངས་འདིའི་གླེང་སྟེགས་ལའང་ཕྱོགས་སོ་སོའི་ཁེ་ལས་པ་དང་ཞིབ་འཇུག་པ།  སློབ་གསོ་བ། ཁེ་ལས་ལས་རིགས་ལ་དགའ་མོས་མཁན་དང་སློབ་ཆེན་སློབ་མ་སོགས་ཞུགས་ཡོད་ལ།  ཁོ་ཚོའི་འཚོལ་སྙེག་གི་ལམ་བུར་སྣེ་ཁྲིད་དང་ཁ་ཕྱོགས་ཡང་དག་ཅིག་བསྐྲུན་ཡོད་ངེས་ལ།  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསླངས་པ་སོགས་ཀྱི་དགེ་མཚན་གང་མང་ཞིག་ཀྱང་བསྐྲུན་ཡོད་པ་རེད།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།