མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་200ལྷག་གི་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་ལ་བཏང་།
2019.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་200ལྷག་གི་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་ལ་བཏང་།

མཁར་གྲོང་གི་འོས་འགན་སློབ་གསོའི་སློབ་སྒྲུབ་ཚད་ལྡན་རང་བཞིན་འཛུགས་བསྐྲུན་ཇེ་མགྱོགས་དང་ཕྱོགས་ཡོངས་ནས་ལས་རིགས་སློབ་གྲྭ་གོང་འཕེལ་བཏང་སྟེ།  མཐོ་རིམ་སློབ་གྲྭའི་སློབ་གསོའི་སྤུས་ཀ་སོགས་ཇེ་ལེགས་ལ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ལོ་འདི་དག་གི་རིང་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་16ལྷག་བརྩོན་ལེན་བྱས་ལ་ཞིང་ཆེན་ནང་ཁུལ་དུ་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་3ལྷག་བཏང་སྟེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བྱིས་གཉོར་ཁང་དང་ལས་རིགས་སློབ་གྲྭ།འབྲིང་རིམ་ཆེད་སྦྱང་སོགས་ཁྱོན་སྡོམས་སློབ་གྲྭ་200ལྷག་གི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་དང་སློབ་གསོའི་ཁོར་ཡུག་ཇེ་བཟང་ལ་བཏང་།

དེའི་ནང་དུ་བྱིས་གཉོར་ཁང་45དང་འོས་འགན་སློབ་གསོའི་སློབ་གྲྭ་162སོགས་འདུས། ཆེད་དོན་མ་དངུལ་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བའི་འཛུགས་སྐྲུན་དང་མཚོ་སྔོན་སློབ་ཆེན་གྱི་ཕྱོགས་བསྡུས་སྟོབས་ཤུགས་སོགས་གོང་འཕེལ་ལ་བཏང་།

མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་ཞིང་སྡེའི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཞིང་གྲོང་གི་ཞག་སྡོད་སློབ་གྲྭ་འཛུགས་སྐྲུན་ལག་བསྟར་གྱི་བསམ་འཆར་ལྟར།མཚོ་སྔོན་ཞིང་ཆེན་གྱིས་གོམ་གང་མདུམ་སྤོས་སྒོས་ཞིང་དང་གྲོང་བརྡལ་གྱི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་བར་ཁྱད་ཇེ་ཆུང་དང་འོས་འགན་སློབ་གསོ་དོ་མཉམ་གྱིས་འཕེལ་རྒྱས་སུ་གཏོང་བ། སློབ་གསོའི་སྤུས་ཀ་ཇེ་བཟང་ལ་བཏང་སྟེ་དོ་མཉམ་གྱིས་སློབ་གསོ་ཧུར་ཐག་གིས་གོང་འཕེལ་གཏོང་དགོས། 2020ལོར་ཐོན་ན་སློབ་གྲྭ་ཡོངས་ཀྱི་གཞི་རྩིའི་མི་འདང་སར་ཤུགས་སྣོན་དང་སློབ་གསོའི་ཁོར་ཡུག་ཇེ་ལེགས་ལ་བཏང་སྟེ་སློབ་མ་ཡོངས་ཀྱིས་ཆ་རྐྱེན་ལེགས་པའི་སློབ་གསོ་མྱོང་ཐུབ་པ་བྱེད་དགོས།