སྤེལ་དུས།2019.01.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཐུམ་འབུའི་ནད་འགོག་བཅོས་བྱ་བ་བདེ་བླག་ངང་སྤེལ་ཆེད།  མཚོ་བྱང་ཁུལ་སྲིད་གཞུང་གིས་རྫོང་སོ་སོའི་སྲིད་གཞུང་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་ཉིས་སྟོང་བཅོ་བརྒྱད་ལོའི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་སྡེ་ཁག་གིས་འགན་ཁུར་བ།   སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས།

ཉིས་སྟོང་བཅོ་བརྒྱད་ལོར།  མཚོ་བྱང་ཁུལ་གྱིས་ཁུལ་དང་རྫོང་གི་རིམ་པ་གསུམ་པའི་སྨན་བཅོས་སྡེ་ཁག་གི་འགན་ཁུར་མི་སྣ་དང་ནད་ཐོག་སྨན་བཅོས་མི་སྣ་སོགས་བསྡོམས་པས་མི་སུམ་བརྒྱ་སོ་དྲུག་ལ་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་གསོ་སྦྱོང་ཐེངས་གཉིས་སྤེལ་ཏེ།  དུས་ཐོག་ཏུ་ཐུམ་འབུའི་ནད་ངོས་འཛིན་བྱེད་པ་དང་།  ཚད་ལྡན་གྱིས་ཐུམ་འབུམ་ནད་སྨན་བཅོས་བྱེད་པ།   ཐུམ་འབུའི་ནད་བྱུང་ཚད་ཇེ་དམར་གཏོང་བ་བཅས་ཀྱི་ཐད་རིག་སྟོབས་དང་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།    དེ་མིན།  མཚོ་བྱང་ཁུལ་གྱིས་ས་གནས་ནད་རིགས་དྲིལ་སྒྲོག་ཟླ་བ་དང་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སོགས་དྲིལ་སྒྲོག་ཉིན་མོའི་བདེ་ཐང་ལ་དོ་སྣང་བྱེད་དགོས་པ་དང་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་མང་ཚོགས་ཀྱི་ཐུམ་འབུའི་ནད་འགོག་བཅོས་འདུ་ཤེས་ཇེ་དྲག་ཏུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།   མཚོ་བྱང་ཁུལ་གྱིས་ཐུམ་འབུའི་ནད་འགོག་བཅོས་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ།   བསྡོམས་པས་མི་ཐེངས་འབུམ་གཉིས་དང་ཁྲི་དགུ་ལྷག་གི་ཞིབ་བཤེར་ལས་འགན་ཡོངས་གྲུབ་བྱས་པ་དང་།    དེའི་ནང་ཐུམ་འབུའི་ནད་པ་དྲུག་བརྒྱ་སོ་དྲུག་ངོས་འཛིན་བྱས་ལ། མི་བརྒྱ་དང་དོན་བདུན་ལ་གཤགས་བཅོས་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།