སྤེལ་དུས།2019.01.09 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག་གི་ཚོད་ལྟའི་ལག་ལེན་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བཟང་བོ་བྱེད་པ་དང་།  ལག་ལེན་མཐར་ཕྱིན་བྱས་ཏེ་ཏང་གཤིས་བཟང་བ་དང་ནུས་པ་ལྡན་པ།   བཅོས་སྒྱུར་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་དྲག་པ།   ལས་འགན་ཁག་ཁུར་བྱེད་ཕོད་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་།   ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་རྒྱུན་ཆད་མེད་པར་གཞི་རིམ་དུ་མཆེད་པར་བྱེད་ཆེད།  ཉེ་ལམ།  མགོ་ལོག་ཁུལ་པདྨ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་གྱིས་དུས་ཡུན་ཉིན་གཉིས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག་གི་ཚོད་ལྟའི་ལག་ལེན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས།   པདྨ་རྫོང་གི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ།   ཨུ་ཡོན་བཅས་བསྡོམས་པས་མི་གྱ་དྲུག་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་དམིགས་ནས།    ཆེད་དོན་ཟུར་ཁྲིད་དང་བརྗེ་རེས་མཉམ་སྒུལ།   རིག་གཞུང་རྒྱུགས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག་གི་ཚོད་ལྟའི་ལག་ལེན་གྱི་རྒྱབ་ལྗོངས་དང་དོན་སྙིང་།    སྲོལ་ཡིག་གི་ནང་དོན་གཙོ་བོ་སོགས་ཐད་ནས་འགྲེལ་ཀློག་བྱས་པ་དང་།   ཡུལ་དངོས་མཉམ་སྒུལ་གྱི་བྱེད་ཐབས་སྤྱད་དེ།   ཏང་ཡོན་འཕེལ་རྒྱས་དང་ཏང་ཡོན་སློབ་གསོའི་དོ་དམ།  ཀྲི་པུའུ་འཛུགས་སྐྲུན།   རྩ་འཛུགས་འཚོ་བ་ཚད་ལྡན་སོགས་ཀྱི་གནད་དོན་ཐད་ནས་ཕན་ཚུན་བར་བརྗེ་རེས་བྱས་ལ།   མིག་སྔའི་པདྨ་རྫོང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་དང་།   གཞི་རིམ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་དབྱེ་ཞིབ་བྱས།

གསོ་སྦྱོང་ལ་ཞུགས་མཁན་ཚོས་ལང་ལོང་གིས་བསྟན་དོན།    ཐེངས་འདིའི་གསོ་སྦྱོང་གིས་ཆབ་སྲིད་བློ་སྦྱོང་ཇེ་དྲག་ཏུ་བཏང་བ་དང་།  ལས་སྒོའི་ཆུ་ཚད་མཐོར་འདེགས་བཏང་ལ།   ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་གཞི་རིམ་ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་གཞུང་ལུགས་དང་ལག་ལེན་གྱི་མཛུབ་སྟོན་འདོན་སྤྲོད་བྱས་ཟེར།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།