མཚོ་ནུབ་ཁུལ་གྱིས་ཚན་རྩལ་གསར་གཏོད་ཕྱོགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
2019.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན།  གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚན་རྩལ་གྱིས་ཐོན་སྐྱེད་ལ་སྐུལ་འདེད་བྱེད་པ་བརྗོད་གཞི་ཡིན་པའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།   ཉིས་སྟོང་བཅོ་བརྒྱད་ལོར་མཚོ་ནུབ་ཁུལ་གྱིས་ཚན་རྩལ་རྣམ་གྲངས་སོ་གཅིག་ལ་གྲུབ་འབྲས་མངོན་གསལ་བླངས་ནས་རྣམ་གྲངས་བརྒྱ་དང་གོ་ལྔར་ཆེད་ཁེ་ཐོབ།

ཉེ་ལམ།  མཚོ་ནུབ་ཁུལ་གྱིས་འཕེལ་རྒྱས་གསར་བའི་འདུ་ཤེས་དངོས་འབེབས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  སྒུལ་ཤུགས་གསར་བའི་འཕེལ་རྒྱས་འཐབ་ཇུས་ཅི་ནུས་ཀྱིས་ལག་བསྟར་དང་།  ཚན་རྩལ་གསར་གཏོད་དཀྱིལ་སྙིང་དུ་བཟུང་ནས་ཕྱོགས་ཡོངས་གསར་གཏོད་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་བཏང་བ་མ་ཟད།  ཚན་རྩལ་ལས་དོན་ཐད་རྒྱུན་རིང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་དུ་བཅུག་ནས་ཚན་རྩལ་གལ་ཆེན་ལ་གྲུབ་འབྲས་གསར་བ་མངོན་པ་རེད།

དེ་དང་མཉམ་དུ།  མཚོ་ནུབ་ཁུལ་གྱིས་ལག་རྩལ་ནང་འདྲེན་སོགས་ལ་བརྟེན་ནས་ཐོན་སྐྱེད་ཁེ་ལས་བཙུགས་པ་དང་།  ཞིང་ཕྱུགས་ལས་སྣོན་ཐོན་ལས་སོགས་ལ་འཕེལ་རྒྱས་གསར་བ་མངོན་པས། ཚན་རྩལ་གསར་གཏོད་དེ་སྤྱི་ཚོགས་དཔལ་འབྱོར་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་མ་ལག་ཏུ་གྱུར།

ཉིས་སྟོང་བཅོ་བརྒྱད་ལོར།  མཚོ་ནུབ་ཁུལ་གྱིས་ཚན་རྩལ་རྣམ་གྲངས་བརྩོན་ལེན་བྱེད་པར་ཤུགས་སྣོན་བྱས་ནས།  སྔ་གཞུག་ཏུ་ཞིང་ཆེན་ཚན་རྩལ་ཐིན་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་རྣམ་གྲངས་བཞི་ལ་ཆོག་མཆན་ཐོབཔ་རེད།