གཅན་ཚ་རྫོང་གིས་སྒེར་ཁྲལ་བཅོས་སྒྱུར་བྱ་བ་གོ་རིམ་ལྡན་པར་སྤེལ།
2019.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉེ་ལམ་གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྒེར་ཁྲལ་བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱེད་ཆེད། གཅན་ཚ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་མི་སྒེར་ཁྲལ་དོན་མ་ལག་གི་སྒེར་ཁྲལ་བཅོས་སྒྱུར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་པ་དང་། ཞབས་ཞུའི་བྱེད་ཐབས་རབ་དང་རིམ་པ་གཏན་ཁེལ་བྱས་ནས། བཅོས་སྒྱུར་ཕན་འབྲས་ཀྱིས་ཁྲལ་འཇལ་མཁན་སྔར་ལས་མང་པོར་ཕན་ཐོགས་པར་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྒེར་ཁྲལ་བཅོས་སྒྱུར་ནི་དམངས་ཚིས་འཚོ་བ་དང་དམ་དུ་འབྲེལ་ཞིང་དམངས་ཚིས་རེ་བ་དང་ཡོངས་སུ་མཐུན། གཅན་ཛ་རྫོང་གིས་རྒྱ་ཆེ་བའི་དཔྱ་ཁྲལ་འཇལ་མཁན་ཡོངས་ཀྱིས་ཚད་རིམ་མི་འདྲ་བའི་སྟེང་དུ་དཔྱ་ཁྲལ་ཇེ་ཉུང་ལ་གཏོང་བའི་རྣམ་པ་ལོངས་སུ་སྤྱད་ཆོག་པར་བྱ་ཆེད། མི་སྣའི་སྟོབས་ཤུགས་ལེགས་སྒྲིག་དང་རྐང་འཛིན་མི་སྣའི་ཁྲོད་དུ་རྒྱན་འཕངས་དེ་ཞབས་ཞུའི་ཚོགས་ཁག་གྲུབ་པ་དང་། རྒྱུ་ཆ་ཁྱབ་བསྒྲགས་དང་ཁྱབ་བསྒྲགས་ལག་དེབ་སྟེར་བ། ཁྱིམ་ཚང་ལ་སོང་དེ་གསལ་བཤད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་མི་སྒེར་དཔྱ་ཁྲལ་གྱི་བཅོས་བསྒྱུར་གྱི་ཁོར་ཡུག་ལེགས་པོ་བསྐྲུན།

དེ་མིན།  ཕྱོགས་ཡོངས་ནས་དུས་བསྣུར་གྱི་ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་པ་དང་། དུས་ཐོག་ཏུ་ཞབས་ཞུའི་ཚོམས་ཆེན་གྱི་གཞུང་སྒྲུབ་ཁོར་ཡུག་ལེགས་བཅོས་རིམ་སྤོར་བྱས་ལ།  མི་སྒེར་གྱི་དཔྱ་ཁྲལ་བཅོས་སྒྱུར་ཁྲོད་འཕྲད་པའི་རིགས་སོ་སོའི་གནད་དོན་ཐག་གཅོད་བྱས་ཏེ་ཁྲལ་འཇལ་མཁན་གྱི་དགའ་བསུ་ཆེན་པོ་ཐོབ།