ཉིས་སྟོང་བཅུ་དགུ་ལོར་སློབ་རར་སྐྱོད་ནས་ལས་གནས་སྤྲོད་པ་ཞེས་པའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐོག་མ་སྤེལ།
2019.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཉིས་སྟོང་བཅུ་དགུ་ལོའི་ཆེས་ཐོག་མའི་སློབ་རར་སྐྱོད་ནས་ལས་གནད་སྤྲོད་པ་ཞེས་པའི་ཆེད་དོན་གདན་ཞུའི་ཚོགས་འདུ་སྤེལ། ཞིང་ཆེན་ཕྱི་ནང་གི་ལས་ཁུངས་བརྒྱ་དང་ང་གཉིས་ཀྱིས་གདན་ཞུའི་ལས་གནས་སུམ་སྟོང་སུམ་བརྒྱ་སོ་བརྒྱད་འདོན་སྤྲོད་བྱས་པ་དང་། མཐར་ཕྱིན་སློབ་མ་སུམ་སྟོང་ལྷག་ཞུགས་ཡོད་ལ་མི་ཆིག་སྟོང་ལྔ་བརྒྱ་ཉི་ཤུ་ཡིས་རེ་འདོད་གྲོས་ཆིངས་བཀོད་པ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཟླ་གཅིག་སྔོན་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་འབྲེལ་འདྲིས་ཧུར་ཐག་བྱས་ནས་མཐར་ཕྱིན་སློབ་མའི་ཆེད་ལས་དང་ལས་འཚོལ་རེ་འདུན་ལ་བརྟག་དཔྱད་བྱས་ཏེ་མཐར་ཕྱིན་སློབ་མའི་དགོས་མཁོ་སྐོང་ཅི་ཐུབ་བྱས།  བྱེད་ཐབས་སྣ་མང་སྤྱད་ནས་ཁྱབ་སྒྲོག་བྱ་འགུལ་སྤེལ་བ་རེད།

གདན་ཞུའི་ལས་རིགས་ཁྱབ་རྒྱ་ཆེ་བས་མཐར་ཕྱིན་སློབ་མའི་ཆེད་ལས་གཞི་རྩའི་སྟེང་ཡོངས་སུ་ཁེབས་ཡོད།  འདོན་སྤྲོད་བྱས་པའི་ལས་གནས་སྣ་འཛོམས་ཡིན་པས་མཐར་ཕྱིན་སློབ་མའི་ལས་གནས་རེ་འདུན་དང་འཚམ། ཐེངས་འདིའི་བྱ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་མངོན་གསལ་བཏང་ཡོད་པ་རེད།