མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལོ་གསར་བར་རིག་གནས་བསྐྱལ་བའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་མགོ་བརྩམས།
2019.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ལས་བཟོ་བའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་འབྲི་བ་རྣམས་ཁེ་ལས་དང་བཟོ་གྲྭ།  གླིང་ཁུལ་སོགས་སུ་སོང་ནས་གནམ་ལོ་གསར་ཚེས་སྤྲོ་བའི་བསུ། ཀྲུང་གོའི་རེ་སྨོན་མཉམ་བསྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་ལོ་གསར་བ་བསུ་བར་རིག་གནས་བསྐྱལ་བའི་ཡིག་འབྲི་བའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་རེད།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  བྱ་འགུལ་གྱི་བརྗོད་དོན་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུའི་ནང་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་བསྟོད་བསྔགས་བྱེད་པ་དང་།  ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ།  མི་དམངས་མང་ཚོགས་ཀྱི་རིག་གནས་འདོད་བློ་སྐོང་བ་དེ་རེད།  གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས།  ཞིང་ཆེན་སྤྱིའི་ཐད་གཏོགས་བཟོ་ཚོགས་སོ་སོས་རང་རང་གི་གནས་ཚུལ་ཟུང་འབྲེལ་དང་རྩ་འཛུགས་ཀྱིས་ས་ཁུལ་དང་ལས་རིགས་སོ་སོའི་ཡིག་འབྲི་བ་ཆེན་མོ་དག་གདན་ཞུ་བྱས་ནས་ཁེ་ལས་སོགས་སུ་ལོ་སར་ཤིས་ཚིག་ཕུལ་བའི་བྱ་འགུལ་སྤེལ་བ་རེད།