དར་ལག་རྫོང་གི་རྫོང་རིམ་པའི་ལས་བྱེད་པ་དགུ་ཡིས་བཟོ་བསྐྲུན་རུ་ཁག་གི་རུ་གཙོའི་འགན་ཁུར་ནས་དབུལ་ཕོངས་སྡེ་བ་དབུལ་ཐར་བྱེད་པར་ནུས་ཤུགས་གང་ཡོད་བཏོན།
2019.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ད་ལོའི་ལོ་མགོར།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་གསར་གཏོད་ལམ་བུ་རྒྱ་བསྐྱེད་དང་།  གནད་ཕིགས་ཇུས་གཞི་ལག་བསྟར་བྱས་ནས།  བཟོ་བསྐྲུན་ཅན་གྱི་དོ་དམ་དང་རྣམ་གྲངས་ཀྱི་སྐུལ་སྤེལ་བསམ་ཕྱོགས་ལྟར་དུ།  དར་ལག་རྫོང་གི་ཉིས་སྟོང་བཅུ་དགུ་ལོར་དབུལ་ཕོངས་སྡེ་བ་བདུན་དབུལ་ཐར་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི་བཏོན་ནས།  ཞིབ་ཚགས་ཅན་གྱི་དོ་དམ་དང་།  ལྟ་སྐུལ་དོ་དམ་ལམ་ལུགས་སོགས་ཀྱི་རྣམ་གྲངས་དངོས་འབེབས་བྱས་པ་བརྒྱུད།  དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དམ་ཞིབ་དབྱེ་འབྱེད་ དང་།  དངོས་འབེབས་དོན་འཁྱོལ་བྱས།

ད་ལོར་དར་ལག་རྫོང་དུ་དབུལ་ཕོངས་སྡེ་བ་བདུན་དབུལ་ཐར་བྱེད་རྒྱུ་ཡིན་པ་སྟེ།  བཟོ་བསྐྲུན་ཅན་གྱི་དོ་དམ་དང་།  རྣམ་གྲངས་སྐུལ་སྤེལ་བསམ་ཕྱོགས་ལྟར།  རྫོང་ཏང་ཨུའི་ཧྲུའུ་ཅི་དང་།  རྫོང་དཔོན་གྱིས་རྫོང་ཏང་ཨུའི་ཨུ་ཡོན་ལྷན་ཚོགས་འགོ་ཁྲིད་འོག་ལས་དོན་སྤེལ་ནས།  ལས་འགན་ནན་འཁུར་བྱས་པ་དང་བཟོ་བསྐྲུན་རུ་ཁག་གི་རུ་གཙོའི་འགན་གཙང་ཁུར་བྱས་ནས།  ཕྱོགས་ཡོངས་ནས་འགོ་ཁྲིད་དང་རྩ་འཛུགས་ལག་བསྟར་བྱས་ཏེ།  དབུལ་ཐར་མཁྲེགས་གཏོར་གྱི་བརྒྱུད་རིམ་ཧྲིལ་བོར་འགན་ཁུར་ནས།  དངོས་སུ་ཞིབ་མཇུག་དང་བཀོད་སྒྲིག   དངོས་སུ་ཞིབ་བཤེར་དང་ལྟ་སྐུལ་གཙོ་སྒྲུབ་བྱས་ནས།  རང་འགུལ་གྱིས་གནད་དོན་འབུར་ཐོན་ཐག་གཅོད་བྱས་པ་དང་།  ལས་དོན་ཁག་སོ་སོའི་འགོ་ཁྲིད་ཚད་ཐིག་དང་།  བཀོད་སྒྲིག་བྱེད་སྟངས།  འགན་ཁུར་ཐག་ཚད།   དངོས་འབེབས་བྱེད་ཚད་སོགས་ལ་ཁག་ཐེག་ལེགས་པོ་བྱས།