ཟླ་ལྔ་བར་བསྟོད་གླུ་ལེན། མ་ཡུམ་དུས་ཆེན་འཛུམ་གྱིས་བསུ།
2019.05.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 178

                       ཟླ་ལྔ་བར་བསྟོད་གླུ་ལེན། མ་ཡུམ་དུས་ཆེན་འཛུམ་གྱིས་བསུ།

ཟླ་ལྔ་བའི་ཚེས་དགུ་ཉིན་སྟེ།  དྲོད་འཇམ་གྱི་ཉི་མ་འཛུམ་གྱིས་དྲོ་ཞིང་།  བརྩེ་བའི་་མཁའ་དབུགས་གང་སར་ཁྱབ་པའི་དུས་ཚིགས་བཟང་པོར་འདིར།  ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་།  མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུ་བ་དང་།  ཐེངས་བརྒྱ་དང་དྲུག་པའི་མ་ཡུམ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས།  རྨ་ལྷོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་།  ཁུལ་སྤྱིའི་བཟོ་ཚོགས།  གུང་གཞོན་ཚོགས་པ་ཁུལ་ཏང་ཨུ།  ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་ཅུས་བཅས་ཀྱིས་མཉམ་དུ་སྐྱེས་མའི་བློ་སེམས་ཏང་ལ་ཕྱོགས།  ཀྲུང་གོ་གསར་བར་བསྟོད་གླུ་ལེན།   མ་ཡུམ་དུས་ཆེན་འཛུམ་གྱིས་བསུ་ཞེས་པ་བརྗོད་གཞི་བྱས་པའི་བྱ་འགུལ་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྟོད་གླུ་བླངས་ནས་བྱ་འགུལ་ལ་རྟེན་འབྲེལ་ཞུས།  ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཀྲང་ལིས་ཞའོ་ཅིན་བྱ་འགུལ་ལ་ཞུགས་པ་དང་།  ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་འཐུས་ཚབ་ཀྱིས་ཁུལ་ཡོངས་ཀྱི་མ་ཡུལ་རྣམས་ལ་དུས་ཆེན་གྱི་མཚམས་འདྲི་དང་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས།


སྐྱེས་མའི་སྟོབས་ཤུགས་ཀྱིས་གནམ་གྱི་ཕྱེད་ཀ་ཟིན།  ཁུལ་ཡོངས་ཀྱི་རྒྱ་ཆེའི་མ་ཡུམ་རྣམས་ཀྱིས་འབད་བརྩོན་ལྷོད་མེད་དང་སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱས་ནས།  ཧུར་ཐག་གིས་དཔལ་འབྱོར་འཛུགས་བསྐྲུན་ནང་ཞུགས་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  མི་རིགས་མཐུན་སྒྲིལ་ལ་སྒུལ་ཤུགས་བསླངས་ནས།  དཔལ་འབྱོར་དང་ཆབ་སྲིད།  རིག་གནས།  སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཡུལ་ཁོངས་སོ་སོར་ནུས་པ་བླ་ལྷག་ཕུལ་ཡོད།

ཨ་མའི་བརྩེ་བ་ནི་ཇི་འདྲའི་རླབས་ཆེན་ཞིག   འཇིག་རྟེན་སྟེང་མེད་དུ་མི་རུང་བའི་ནོར་བུ་ཡིན།   མ་ཡུམ་གྱིས་སྤྱི་ཚོགས་སྟེང་མི་སྣ་མང་པོ་ཞིག་གི་འགན་ཁུར་ཡོད་པས།  ཁྱིམ་ཚང་གི་བདེ་སྐྱིད་ལ་གསོན་ཤུགས་བསྐྲུན་ཞིང་།  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

ཐེངས་འདིར་ཁོ་ཚོས་དྲིན་ཤེས་ཤིང་དྲིན་ལན་འཇལ་བའི་རྣམ་པ་ལེགས་པོ་གསོ་སྐྱོང་དང་བསམ་བློ་བརྟན་པོ་ཆགས་པར་བྱས་ནས།  སྤྱི་ཚོགས་ཡོངས་སུ་མ་ཡུམ་ལ་བསྟོད་གླུ་ལེན་པ་དང་།  མ་ཡུམ་ལ་བརྩི་བཀུར་བྱེད་པ།  མ་ཡུམ་གྱི་དྲིན་འཇལ་བ།  མ་ཡུམ་ལ་ཐུགས་ཁུར་བླ་མེད་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ནས།  འཚོ་བའི་ཁྲོད་སྒེར་སེམས་མེད་པའི་བརྩེ་བར་གཅེས་སྤྲས་བྱེད་དགོས་པ་སོགས་མངོན་པར་མཚོན་ཡོད།

རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་བྱས།  མཛའ་བརྩེའི་དཔལ་ཡོན་བརྒྱུད་སྒྲོག་དང་མཐུན་སྒྲིལ་རོགས་རེས་ལ་སྐུལ་འདེད་བཏང་བ་མ་ཟད།  རིགས་སོ་སོའི་རླབས་ཆེན་མ་ཡུམ་རྣམས་ཀྱི་རང་བདག་རང་བསྐྲུན་གྱི་སྙིང་སྟོབས་དང་།  འབད་འཐབ་དངོས་སྒྲུབ་ཀྱི་ལྷག་བསམ།   རིག་གནས་དང་རྩལ་ནུས་སོགས་བསླབ་ནས་ཕྱོགས་ཡོངས་ཀྱི་ནུས་པ་མཐོར་འདེགས་གཏོང་བའི་འཇོན་ནུས་དང་རིགས་སྟོབས་ཀྱང་སྒེར་སེམས་མེད་པའི་བརྩེ་བ་བཞིན།  སྔར་ལས་ཇེ་རྒྱས་ཇེ་སྟོབས་སུ་འགྱུར་བཞིན་པའི་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་རྨ་ལྷོ་གསར་བ་བསྐྲུན་པར་ཡོངས་སུ་ཕུལ་ནས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་སེམས་འདུན་དང་སྙིངས་སྟོབས་ཡོངས་སུ་མངོན་ཡོད།

བྱ་འགུལ་ཡུལ་དངོས་སུ་བུད་མེད་ལས་བཟོ་བ་ཞིག་དང་།  དབུལ་ཁྱིམ་མ་ཡུམ་ཞིག   གཞི་རིམ་གྱི་བུད་མེད་ལས་བཟོ་ཞིག་བཅས་ལ་བརྩེ་བའི་མེ་ཏོག་ཕུལ་ནས་མཚམས་འདྲིའི་ལག་སྐྱེས་ཕུལ་བཞིན་པ།

བྱ་འགུལ་ཡུལ་དངོས་སུ་བུད་མེད་ལས་བཟོ་བ་ཞིག་དང་།  དབུལ་ཁྱིམ་མ་ཡུམ་ཞིག   གཞི་རིམ་གྱི་བུད་མེད་ལས་བཟོ་ཞིག་བཅས་ལ་བརྩེ་བའི་མེ་ཏོག་ཕུལ་ནས་མཚམས་འདྲིའི་ལག་སྐྱེས་ཕུལ་བཞིན་པ།