མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརླན་སའི་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་བརླན་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གཅིག་དགུ་ཟིན།
2019.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། གསར་འགོད་པས་ཉེ་སྔོན་བསྡུས་པའི་ཉིས་སྟོང་བཅུ་དགུ་ལོའི་འབྲི་ཆུའི་བརླན་ས་སྲུང་སྐྱོབ་དྲ་རྒྱའི་ལོ་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡོངས་ལ་བརླན་སའི་ཐོན་ཁུངས་སྤྱི་ཆིང་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་བཞི་སྟོང་གསུམ་དྲུག་བརྒྱ་ཡོད་ཅིང་། དེས་རྒྱལ་ཡོངས་བརླན་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གཅིག་དགུ་ཟིན་ཡོད་ལ། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོའི་གོ་གནས་ཟིན་ཡོད། དེའི་ཁྲོད་དུ་ན་འདམ་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་ལྔ་དང་འབུམ་དྲུག་ཁྲི་བཞི་སྟོང་ལྔ་བཞི་བརྒྱ་ཡོད་པ་དང་། མཚེའུའི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བཞི་ཁྲི་བདུན་སུམ་བརྒྱ་ལྷག་ཡོད། གཙང་ཆུའི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་བརྒྱ་དང་ཁྲི་བརྒྱད་སྟོང་ལྔ་སུམ་བརྒྱ་ཡོད། མིས་བཟོས་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་དང་ཁྲི་བཞི་ལྷག་ཡོད།

མཚོ་སྔོན་གྱི་བརླན་སའི་སྐྱེ་ཁམས་མ་ལག་ལའང་རྩྭ་ས་སོགས་སྐྱེ་ཁམས་མ་ལག་གཞན་དག་དང་འདྲ་བའི་ཁྱད་ཆོས་དང་གཉོམ་ཞན་གྱི་ཆ་ངེས་ཅན་ཡོད། ཞིང་ཆེན་ཡོངས་སུ་སྤུས་ཚད་ལ་ཁག་ཐེག་ཐུབ་པའི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་བརྒྱ་དང་འབུམ་གཅིག་ཁྲི་གསུམ་ཡན་ཡོད་ཅིང་། བརླན་ས་སྲུང་སྐྱོབ་ཀྱི་ཚད་བརྒྱ་ཆའི་རེ་བཞི་ཡན་ལ་སླེབས། རྒྱལ་ཁབ་བརླན་སའི་སྤྱི་གླིང་བཅུ་དགུ་བཙུགས་ཡོད་པ་དང་། ཞིང་ཆེན་རིམ་པའི་བརླན་སའི་སྤྱི་གླིང་གཅིག་ཡོད་ལ། སྲུང་སྐྱོབ་ཀྱི་རྒྱ་ཁྱོན་སྤྱི་ཆིང་འབུམ་གསུམ་དང་ཁྲི་གཉིས་ཡན་ལ་སླེབས། ཞིང་ཆེན་རིམ་པའི་བརླན་ས་གཙོ་བོའི་མིང་ཐོར་ཚུད་ཡོད་པ་སོ་གཉིས་དང་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་ལྷག་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།