ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཉེས་ཚོགས་པ་བཅུ་བདུན་ཆམ་ཕབ་བཏང་།
2019.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 68

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་དུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་ཁག་ཁུར་དར་སྤེལ་བྱས་པ་དང་། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་མཐོན་པོ། སྤྱོད་ཚུལ་སྔར་ལས་བཟང་བོས། ཁྲིམས་ལྟར་རིགས་མི་འདྲ་བའི་ནག་ངན་སྟོབས་ཤུགས་དང་འགེལ་སྲུང་མཁན་ལ་རྡུང་རྡེག་ནན་མོ་བྱས་ལ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲོ་རིམ་འཕྲོར་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ནག་ཉེས་ཚོགས་པ་བཅུ་བདུན་ལ་རྡུང་རྡེག་བྱས་པ་དང་། དོགས་ཡོད་ཉེས་ཅན་མི་ཉིས་བརྒྱ་དང་བཅུ་འཛིན་བཟུང་བྱས་ལ། ཉེས་དོན་གྱོད་གཞི་བརྒྱ་དང་རེ་དྲུག་རྩད་ཆོད། དེའི་ཁྲོད་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་གཅིག་ཡོད་པ་དང་གྱོད་འབྲེལ་མི་སྣ་ཉེར་བཞི་འཛིན་བཟུང་བྱས་པ་དང་། ནག་ངན་སྟོབས་ཤུགས་གྱི་ནག་ཉེས་ཚོགས་པ་བརྒྱད་དང་གྱོད་འབྲེལ་ཁོངས་མི་བརྒྱ་དང་ཉེར་བརྒྱད་འཛིན་བཟུང་བྱས་ལ། ནག་ངན་སྟོབས་ཤུགས་ཀྱི་ནག་ཉེས་ཚོགས་པ་བརྒྱད་དང་གྱོད་འབྲེལ་ཁོངས་མི་ང་བརྒྱད་འཛིན་བཟུང་བྱས་པ་དང་། རྒྱུ་ནོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་བཀག་ཉར་བཀག་འཇོག་བྱས།

ནག་ངན་སྟོབས་ཤུགས་མེད་པར་བཟོ་བ་དང་འབག་བཙོག་བཅོས་སྐྱོང་བྱེད་པའི་བྱ་བའི་རྩ་དོན་ལྟར། ས་ཁུལ་གཙོ་བོ་དང་ལས་རིགས། ཁྱབ་ཁོངས་ཐོད་བརྒལ་བྱེད་སར་བྱས་པ་དང་། དུས་ཚོད་དང་སྤྱི་ཚོགས་སྟོབས་ཤུགས། ཉེན་རྟོག་སྟོབས་ཤུགས་གཅིག་བསྡུས་བྱས་ནས་རིམ་པ་བཞིན་ཁྱབ་ཁོངས་སོ་སོ་དང་ཁུལ་ཁོངས་སོ་སོ་ནས་ནག་འཇོམས་ངན་སེལ་བྱས་ཏེ། ཡོངས་ཁེབས་གཅིག་དང་ཕྱིར་ལྟ་གཉིས། གཙོ་གནད་གསུམ། འགན་ཁུར་བཞི། ཁྱབ་ཁོངས་ལྔ། ནང་འཇུག་དྲུག་གི་ཁུངས་སྣེ་ཞིབ་བཤེར་བརྟག་སེལ་བྱ་བའི་རྣམ་པ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས། དེ་དང་མཉམ་དུ། གཞིས་ཁུལ་དང་ཞིང་སྡེ། ཁེ་ལས། ཚོང་ར་སོགས་སུ་སོང་ནས། བརྡ་ཐོ་སྤེལ་བ་དང་འཕྲེད་བྱང་འགེལ་བ། ཡོངས་བསྒྲགས་བྱང་བུ་འཛུགས་པ། སྤྱི་བདེའི་དྲ་རྒྱ་སྨྱན་བྱད་སོགས་བརྒྱུད་དེ། ཡོངས་ཁྱབ་ཏུ་ཞུ་གཏུག་བྱེད་ཐབས་ཡོངས་བསྒྲགས་བྱས་པ་དང་། དྲིལ་སྒྲོག་འགྲེལ་བཤད་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་སོགས་མང་ཚོགས་སྐུལ་སློང་བྱ་བ་སྤེལ་ནས། སྣང་ཚུལ་བཟང་བོ་གྲུབ་པར་བྱས།

ནག་ངན་སྟོབས་ཤུགས་ཡོད་སའི་ས་ཁུལ་གཙོ་བོ་དང་ལས་རིགས། ཁྱབ་ཁོངས་ལ་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་རིགས་ཀྱི་ཆེད་བསྐོས་སྡེ་ཁག་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕྲོ་རིམ་འཕྲོར་ཉེན་རྟོག་པ་ཁྲི་གཅིག་དང་སྟོང་ལྔ་བཏང་སྟེ། ནག་ངན་སྟོབས་ཤུགས་དང་འབྲེལ་བའི་གྱོད་གཞི་ལ་བརྟག་བཤེར་རྩད་གཅོད་བྱས། 2018ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཆེད་དོན་ཚན་ཆུང་གིས་དུས་སྔོན་དུ་བརྟག་བཤེར་རྒྱུས་ལོན་བྱུང་བའི་ཁུངས་སྣེ་ལྟར། མཱ་ག་གེ་མོ་གཙོ་བྱས་པའི་ཆོག་མཆན་ཐོབ་མེད་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ནས་སྲུང་སྐྱོར་དངུལ་ལེན་པའི་ཉེས་ཅན་དགུ་འཛིན་བཟུང་བྱས།