ཀོས་ནན་རྫོང་གི་སྐབས་ལྔ་བའི་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་ཐར་ཤུལ་རྩྭ་ཐང་དུ་བསྡུས།
2019.07.05 ཁུངས། ཀློག་གྲངས། 0

གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

ཟླ7པའིཚེས5ཉིན་གྱི་སྔ་དྲོར། ཀྲུང་གུང་ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀོས་ནན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་གནང་བའི་ཀོས་ནན་རྫོང་སྐབས་ལྔ་བའི་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་ནམ་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྫོང་གསར་སྐྲུན་གཟེངས་བསྟོད་ཚོགས་ཆེན་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་རྩྭ་ཐང་ནས་བསྡུས། ཐེངས་འདིའི་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཙོ་བོ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། མི་རིགས་མཐུན་སྒྲིལ་དཔེ་སྟོན་བརྗོད་དོན་ཡིན་པའི་རིག་གནས་ཡུལ་སྐོར་དུས་ཆེན་ཞིག་ཡིན་ལ། ཐེངས་འདིའི་བྱ་འགུལ་ལས་བྱེ་ཐང་ལྗང་བསྒྱུར་གྱི་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། བྱེ་ཐང་ནས་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་སོགས་མི་རིགས་ཀྱི་སྲོལ་རྒྱུན་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་ཚོགས་སྤེལ་འཆར་ཡོད་པས། སྤྱི་ཚོགས་ལས་རིགས་ཡོངས་ལ་ཀོས་ནན་གྱི་ཁྱད་སྟོབས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྲོལ་རྒྱུན་རིག་གནས་ཕྱི་ཕྱོགས་ལ་སྒོ་འབྱེད་པ། འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་མངོན་པར་བྱ་རྒྱུ་རེད།

ཐེངས་འདིའི་ནོར་ནག་རིག་གནས་ཡུལ་སྐོར་དུས་ཆེན་བསྟུད་མར་ཉིན་བཞི་ལ་འཚོགས་རྒྱུ་ཡིན་ལ། དེ་རིང་གི་མགོ་རྩོམ་མཛད་སྒོའི་སྟེང་ཀོས་ནན་རྫོང་གི་ལོ་འདི་འགའི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པར་མ་ཟད། ཁྱད་པར་དུ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མི་སྣ་དང་ལས་ཁུངས་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་། ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་གྱིས་དུས་ཆེན་གྱི་དབུ་ཁྱུད་བྲིས། དེ་རིང་ཕྱི་དྲོ་ནས་བྱེས་བགྲོད་རླངས་འཁོར་འགྲན་རྒྱུག་དང་སྐོར་བྲོ་འགྲན་སྡུར། དམངས་གླུ་འགྲན་སྡུར། སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སོགས་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་བ་དང་ཆབས་ཅིག དངོས་ཟོག་སྤེལ་རེས་དང་ཚོང་ཟོག་འགྲེམ་སྟོན། གཙགས་དྲུབ་དང་རྒྱན་གོས་འགྲེམ་སྟོན་བཅས་རིག་གནས་ཡུལ་སྐོར་དང་དར་སྲོལ་ལུས་རྩལ་མཉམ་འདྲེས་གཏིང་ཟབ་སྒོས་ཀོས་ནན་གྱི་བཀྲག་མདངས་དང་ཉམས་འགྱུར་གསར་པ་གང་ལེགས་ཕྱི་ལ་མངོན་ནས། ཀོས་ནན་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། དེང་རབས་ཀྱི་ཀོས་ནན། སྐྱེ་ཁམས་ཀྱི་ཀོས་ནན། འཆམ་མཐུན་གྱི་ཀོས་ནན། མཚར་སྡུག་གི་ཀོས་ནན་འཛུགས་བསྐྲུན་དུས་རིམ་གསར་བ་ཞིག་ལ་བསྙེག་པར་སྐུལ་འདེད་གཏོང་རྒྱུ་རེད།

དུས་ཆེན་གྱི་མཛད་སྒོའི་ཡུལ་དངོས།

ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡན་ཧེ་ཧྥིན་གྱིས་མཛད་སྒོར་མགོ་འཛིན་མཛད།

ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཚེ་ཁོ་སྐྱིད་ཀྱིས་ཤིས་ཚིག་འབུལ་བ།

མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དང་ལྟད་མོ་བ།

མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གཟེངས་རྟགས་གནང་བཞིན་པ།

ཐེངས་འདིའི་གཙགས་དྲུབ་གླུ་གར་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྒོ་འབྱེད་པ།

གླུ་གར་གྱི་མཆོད་པ།

སྨན་བུ་མོའི་མཛེས་ཉམས།