ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་གི་ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་།
2019.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་ཆེད། ཟླ་བདུན་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་སྨན་བཅོས་རོགས་སྐྱོར་ཚོགས་པ་བཅུ་དྲུག་གིས་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་སྨན་བཅོས་མི་སྣས་ཁག་ཁུར་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཉམས་སུ་མྱངས། མཚོ་སྔོན་གྱིས་སྨན་བཅོས་རོགས་སྐྱོར་བྱ་བ་བསྒྲུབས་པའི་ཚུན་ལ། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་སོ་སོར་རོགས་སྐྱོར་བྱས་པའི་དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་མངོན་གསལ་ཐོབ་ཅིང་རོགས་སྐྱོར་བྱས་པའི་སྨན་ཁང་སོ་སོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་ནུས་པ་རིམ་བཞིན་ཇེ་ཆེར་སོང་བ་དང་། སྒོ་བསྟེན་དང་ཞག་སྡོད། གཤགས་བཅོས་བཅས་ཀྱི་མི་གྲངས་མངོན་གསལ་སྒོས་ཇེ་མང་དུ་སོང་ལ། སྨན་ཁང་གི་ཚད་ལྡན་ཅན་གྱི་དོ་དམ་ནུས་པ་ཇེ་ཆེར་སོང་བ་དང་སྨན་བཅོས་རོགས་སྐྱོར་བྱ་བར་རིམ་པ་སོ་སོའི་སྲིད་གཞུང་དང་རོགས་སྐྱོར་བྱས་པའི་ས་ཁུལ། དེ་མིན་རྒྱ་ཆེའི་མང་ཚོགས་བཅས་ཀྱི་ཁས་ལེན་བཟང་བོ་ཐོབ།