རྨ་ཆེན་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས་ཞང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཇེ་བརྟན་དུ་བཏང་།
2019.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་ཞང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་རུ་བརྩིས་ཏེ། ཧུར་ཐག་སྒོས་ཞིང་སྡེ་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱས་པ་དང་། དེ་ལས་གཙོ་བོ་ཞིང་སྡེ་སྤྱི་ཐུན་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་ཞིང་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ་དང་ཧུར་ཐག་དང་བརྟན་འཇགས་སྒོས་ཞང་སྡེ་དར་སྤེལ་ལ་སྐུལ་འདེད་བཏང་།

ཏང་འཛུགས་བྱེད་ཐབས་ལག་བསྟར་བྱས་ཏེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་གྱི་རེ་བ་ལྟར། རྨ་ཆེན་རྫོང་གི་ཞང་དང་གྲོང་བརྡལ་སོ་སོས་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་བའི་ཚན་ཁག་བཙུགས་ཏེ། སྡེ་བ་རང་གི་གཞུང་ལམ་དང་མཚོའུ། དེའི་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པར་འཆར་འགོད་བྱས་པ་དང་། མང་ཚོགས་རྣམས་སྡེ་བ་རིམ་པའི་ལས་དོན་སྣ་ཚོགས་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱས་པར་མ་ཟད། དམངས་ཡོངས་ཞུགས་པ་དང་མཛེས་པའི་ཞང་སྡེ་མཉམ་སྐྲུན་བྱེད་པར་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱས། སྡེ་སྲོལ་དམངས་ཆིངས་གཏན་འཁེལ་བྱེད་པ་དང་འབྲོག་པ་མང་ཚོགས་བར་དུ་འགན་འཁྲིའི་ཡི་གེ་འཇོག་པ་སོགས་ཀྱི་རྣམ་པར་བརྟེན་ནས། སྡེ་དམངས་ཀྱིས་ཁོར་ཡུག་གཙང་སྦྲ་བྱེད་པའི་འོས་འགན་གཏན་འཁེལ་གསལ་བོ་བྱས་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་ཁོར་ཡུག་གཙང་སྦྲ་བྱེད་པའི་གོམས་སྲོལ་ཆགས་པར་བྱས། མིག་སྔའི་བར་དུ་གཅིག་བསྡུས་སྒོས་ཁོར་ཡུག་འཕྲོད་བསྟེན་ཐད་ལ་དག་ཐེར་བཅོས་སྐྱོང་ཐེངས་བརྒྱ་དང་སུམ་ཅུ་ལྷག་བྱས་པ་དང་དེའི་ཁྲོད་དུ་ཞུགས་པའི་མི་གྲངས་སྟོང་བཞི་དང་བརྒྱ་ར་བཞི་བཅུ་ལྷག་ལ་བསླེབས།