ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ལས་དང་འགྲིམ་འགྲུལ། དམངས་ཚིས། རིག་གནས་ཡུལ་སྐོར། ནུས་ཁུངས། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས་སོགས་ལ་དམིགས་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལས་གཞི་སྐོར་ཞིག་བདམས་ནས་ཉིས་སྟོང་བཅུ་དགུ་ལོའི་གྲོང་ཁྱེར་རིམ་བའི་འཛུགས་སྐྲུན་ལས་གཞི་གཙོ་བོར་བརྩིས་ཏེ་མ་དངུལ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་ལྷག་བཏང་།
ཉིས་སྟོང་བཅུ་དགུ་ལོའི་གཏན་འཇགས་མ་རྩའི་དངུལ་གཏོང་དམིགས་འབེན་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང་། འཛུགས་སྐྲུན་ལས་གཞི་གལ་ཆེན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་གཏན་འཇགས་མ་རྩའི་དངུལ་གཏོང་ཐད་ཀྱི་འདེགས་སྐྱོར་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་ཡོངས་འགྲུབ་བྱེད་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་གཏན་ཁེལ་བྱས་པའི་ལས་གཞི་ལ་འཆར་འགོད་དང་སྦྲེལ་མཐུད་ལེགས་པོ་བྱས་ཏེ་གཏན་ཁེལ་བྱས་པའི་ལས་གཞི་བརྒྱ་དང་བཞིའི་ཁྲོད་དུ། ལས་འགོ་རྩོམ་པའི་ཆ་རྐྱེན་ཡོད་པའི་ཐོན་ལས་ལས་གཞིའི་ཐད་མ་དངུལ་སྐོར་དུང་ཕྱུར་གཅིག་གི་ཡན་གཏོང་བ་དང་། ལས་གཞི་གཞན་དག་ལ་མ་དངུལ་སྒོར་བྱེ་བ་བཞིའི་ཡན་གཏོང་རྒྱུ་གཏན་ཁེལ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་འདི་དག་ནུང་ཁུངས་རྨང་གཞིའི་སྒྲིག་ཆས་དང་ཆུ་བེད་རྨང་གཞིའི་སྒྲིག་ཆས། དམངས་ཚིས་ལེགས་བཅོས། བཟོ་ལས་རྨང་གཞིའི་སྒྲིག་ཆས། རིག་གནས་ཡུལ་སྐོར་སོགས་དང་འབྲེལ་ཡོད་པ་རེད།