མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རྨ་ཆུའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་བསྡུས།
2019.08.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 59

སྤྱི་ཟླ་བརྒྱད་པའི་ཚེས་གཉིས་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རྨ་ཆུའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་མཚོ་ལྷོ་ཁུལ་གྱི་ནོར་རྒྱུད་འགྲན་བསྡུར་སྐབས་གཉིས་པ། རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མཚམས་སྦྱོར་ཚོགས་འདུ། 2019ལོའི“མཚོ་སྔོན་རྒྱང་སྒྲོག་དྲ་བ”རྟགས་མའི་མཚོ་སྔོན་ཞིང་ཆེན་གྱི་ལྕགས་རྟ་འགྲན་རྒྱུག་ཐུན་ཏེ་འགྲན་ཁུལ། དེ་མིན་ཐུན་ཏེ་རྫོང་གི་ཕྱི་བགྲོད་སྒར་སྡོད་འདུ་འཛོམས་སྐབས་དང་པོ་བཅས་རྨ་བྱང་ཞང་གསེར་ཆེན་ཐང་དུ་བསྡུས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཧེ་ལུང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཚེ་རིང་། དེ་མིན་ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་བཅུ་ལྷག་དུས་ཆེན་གྱི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཐེངས་འདིར་བསྡུས་པའི་རྨ་ཆུའི་ནོར་གནག་རིག་གནས་དུས་ཆེན་ནི་ཐོན་ལས་དང་རིག་གནས་མཉམ་འབྲེལ་གྱི་བརྗེ་རེས་འདུ་ཚོགས་ཆེན་པོ་ཞིག་ཡིན་ལ། མཚོ་ལྷོ་ཁུལ་གྱི་རྫོང་ཁག་དུ་མ་ནས་ཐེངས་འདིའི་ནོར་རྒྱུད་འགྲན་བསྡུར་ཁྲོད་ཞུགས་པའི་འབྲི་གཡག་ཆེས་བཟང་པོ་བདམས་ཏེ་བྱ་དགའ་བྱིན་པར་མ་ཟད། ད་དུང་ནོར་གནག་གི་ཐོན་རྫས་དང་བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འགྲེམ་སྟོན་དང་གཡག་རྒྱུག འཇུ་རེས་དང་ཐག་འཐེན།  མི་རིགས་ཀྱི་གླུ་གར་སོགས་འཁྲབ་སྟོན་ཇ་ནོམ་པ་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་དགའ་བ་ཅི་དགར་འདྲེན་པར་བྱས། དེ་ལས་ཐུན་ཏེ་རྫོང་གིས་སྐྱེ་ཁམས་རྫོང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་སྡུད་ཀྱིས་འཕེལ་རྒྱས་དང་ས་གནས་ཀྱི་ཚོང་རྟགས་གྲགས་ཅན་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཙོར་བཟུང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་ཐད་བླངས་པའི་གྲུབ་འབྲས་དང་རིགས་སོ་སོའི་མང་ཚོགས་དང་ལས་བྱེད་པའི་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྣམ་པ་མཚོན་ཡོད་ལ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་ནོར་གནག་ཐོན་ལས་དར་སྤེལ་གཏོང་བ། རྒྱུད་བཟང་ནོར་གནག་གི་ཚོང་རྟགས་གྲགས་ཅན་སྔོག་འདོན་དང་དྲིལ་སྒྲོག མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་བར་ཡར་སྐུལ་བྱེད་པ། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་ཇི་བཞིན་དུ་མངོན་ཡོད།

རྨ་ཆུའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་ལྷན་རྒྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

ཐུན་ཏེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲོའོ་ཆིན་ཧྲན་གྱིས་གཏམ་བཤད་གནང་བཞིན་པ།ཐུན་ཏེ་རྫོང་གི་རྫོང་དཔོན་གཞོན་པ་ཚེ་འབུམ་གྱིས་གཏམ་བཤད་གནང་བཞིན་པ། མདོ་འཛིན་པ་རྣམ་གཉིས།

སྙན་འཇེབས་ངག་གི་མཆོད་པ།

བདེ་མོ་གར་གྱི་སྟངས་སྟབས།

རྨ་ཆུའི་ནོར་ནག གཡང་གི་རུ་མ། 

2019ལོའི“མཚོ་སྔོན་རྒྱང་སྒྲོག་དྲ་བ”རྟགས་མའི་མཚོ་སྔོན་ཞིང་ཆེན་གྱི་ལྕགས་རྟ་འགྲན་རྒྱུག་ཐུན་ཏེ་འགྲན་ཁུལ་གྱི་འགྲན་སྡུར་རྣམ་པ།

རྒྱ་ཆེའི་ལྟད་མོ་བའི་རྣམ་པ། 

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།