ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་རྐང་ཚ་ཞང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་དང་ཁྱིམ་མཚེས་མཛའ་མཐུན་ལེགས་པོར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ཞེས་པའི་རྩྭ་ཐང་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན་གྱི་མཛད་སྒོ་སྐོང་རྒན་རྩྭ་ཐང་ནས་གཟབ་རྒྱས་ངང་སྤེལ།
ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ལ་བོད་ཁུལ་གྱི་གླུ་བ་གླུ་མ་མང་པོ་གདན་འདྲེན་བྱས་ཏེ་གླུ་དང་ཞབས་བྲོ་སོགས་འབུད་རྡུང་དཀྲོལ་གསུམ་གྱི་རིག་རྩལ་རྣམ་གྲངས་དང་རྟ་རྒྱུག་འགྲན་སྡུར་དང་གཡག་རྒྱུག་འགྲན་སྡུར། ལྒང་ལི་འགྲན་སྡུར་སོགས་ལུས་རྩལ་དང་རིག་རྩལ་གྱི་རྩེད་མོ་གྱ་ནོམ་པ་ཞིག་བཀོད་སྒྲིག་བྱས་ཡོད།
གསར་འགོད་པས་ཞོན་ཧྭ་རྫོང་རྐང་ཚ་ཞང་གི་ཞང་གཙོ་སྙིང་ལྕགས་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་དུས་མཚོ་སྔོན་ལ་གསེར་དངུལ་ལས་ལྷག་པ་ཞིག་ཡོད་པ་ནི་རི་མཐོ་ས་གཙང་གི་ཡུལ་གྲུ་ཡིན་ལ། བཞོལ་མེད་ཀྱི་འགན་འཁྲི་དང་མངོན་མེད་ཀྱི་ནུས་ཤུགས་ཤིག་ཡོད་པ་ནི་སྐྱེ་ཁམས་སྲུང་སྐྱོབ་ཡིན་པས་ངེས་པར་དུ་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བྱེད་པ་གནད་སར་བཞག་ནས་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་གསུངས། ཉེ་བའི་ལོ་འདི་དག་གི་རིང་ལ་རྐང་ཚ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ཡིད་ལ་དམ་པོར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རི་ཆུའི་རིག་གནས་འཛུགས་སྐྲུན་ཐད་ལ་སྔར་ལས་ཀྱང་ཤུགས་བསྣན་ནས་རྐང་ཚ་མི་དམངས་ལ་རི་མཐོ་ས་གཙང་གི་མཛེས་སྡུག་གི་ཕ་ཡུལ་འཛུགས་བསྐྲུན་བྱས །