མཚོ་ནུབ་ཁུལ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་དབུལ་སྐྱོར་བྱེད་པར་རོགས་འདེགས་བྱས།
2019.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 104

མིག་སྔར།   མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བྱ་བའི་ཁྱབ་ཁོངས་རྒྱ་བསྐྱེད་ནས།  ཞིང་ལས་ལ་གཅེས་སེམས་འབུལ་བའི་མཚོ་སྔོན་འགྲེམ་འཚོང་ཁང་དུ་ཞུགས་པའི་ཐོན་རྫས་འོས་སྦྱོར་གྱི་བྱ་འགུལ་གཏིང་ཟབ་ཏུ་སྤེལ།   ཚྭ་འདམ་གཞུང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས་པ་བརྒྱུད་ནས་འཛད་སྤྱོད་དབུལ་སྐྱོར་ལ་རོགས་འདེགས་གང་ལེགས་བྱས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།   མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་།   མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ཀྲུང་གོའི་འཛད་སྤྱོད་ཚགས་པར་མཉམ་འབྲེལ།   ཀྲུང་གོའི་ཝེ་ཕིན་ཧྭོས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས།  ཞིང་ལས་ཐོན་རྫས་འོས་སྦྱོར་བྱས་ཏེ་དབུལ་ཕོངས་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་འཛད་སྤྱོད་གནད་ཕིགས་དབུལ་སྐྱོར་བྱ་འགུལ་སྤེལ།  མཚོ་ནུབ་ཁུལ་གྱི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཚྭ་འདམ་གཞུང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྱད་ཆོས་སྟེང་རྐང་བཙུགས་ནས་ཞིང་ལས་ལ་གཅེས་སེམས་འབུལ་བའི་མཚོ་སྔོན་འགྲེམ་འཚོང་ཁང་གི་དབུལ་སྐྱོར་དོན་སྙིང་དང་།  ཐོན་རྫས་བླང་བྱ།  ཕན་ཁེ་སྲིད་ཇུས་སོགས་དྲིལ་སྒྲོག་རྒྱ་ཆེར་བྱས།