མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་བྱ་བའི་སྟོབས་ཤུགས་གཅིག་སྡུད་དང་སྡེ་ཁག་མཉམ་འབྲེལ་ལ་ཤུགས་སྣོན་བྱ་ཆེད། སྐྱེ་ཁམས་དོ་དམ་པ་སུམ་སྟོང་ཞེ་གཉིས་ལྷག་གིས་དྲ་མིག་ཅན་གྲུབ་པར་བྱས་ཏེ་དྲ་མིག་ཅན་གྱི་རྣམ་པས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བར་མ་ཆད་པའི་སྒོ་ནས་གཏིང་ཟབ་ཏུ་སྤེལ།
ཤེས་གསལ་ལྟར་ན། པདྨ་རྫོང་གིས་སྤྱི་ཚོགས་འགན་སྲུང་རུ་ཁག་ཆུང་བ་བརྒྱ་དང་དགུ་བཅུ་དང་སྐྱེ་ཁམས་དོ་དམ་པ་སུམ་སྟོང་ཞེ་གཉིས་ལྷག་གིས་དྲ་མིག་ཅན་གྱི་དོ་དམ་རྣམ་པ་ལེགས་སྤེལ་བྱས། གམ་ཏུ་བཅར་བ་དང་ཉེ་བར་བཅར་བའི་སྒོ་ནས་ནག་འཇོམས་ངན་སེལ་གྱི་གཙོ་གནད་དང་ཞུ་གཏུག་རྣམ་པ་སོགས་དྲ་མིག་ཅན་གྱི་འབུར་ཐོན་གནད་དོན་དང་འགལ་བ་གཅོ་བོ་ཕྱིར་བཏོན་ཏེ་མང་ཚོགས་ཀྱི་ཁྲོད་ནས་ཉེས་དོན་དག་སྒྲིག་དང་དུས་ལྟར་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་ཀུན་གྱིས་ཤེས་པར་བྱས་ཏེ་ནག་འཇོམས་ངན་སེལ་གྱི་ཁོར་ཡུག་ཁྲོད་ཞུགས་པར་བྱས།