ཀླུ་མོ་མཚོ་ལ་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ལས་ཨང་བཞི་པ་ཐོབ།  
2019.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 117

ཉེ་ལམ་ཡུན་ནན་ཞིང་ཆེན་ཆུའུ་ཅུན་གྲོང་ཁྱེར་ནས་བསྡུས་པའི་ཉིས་སྟོང་བཅུ་དགུ་ལོའི་ཞི་ཧི་ཝན་རྟགས་མའི་རྒྱལ་ཡོངས་འདུར་རྒྱུག་ཆེན་མོ་དང་མཐོ་སྒང་ས་ཆའི་འདུར་རྒྱུག་འགྲན་སྡུར་སྟེང་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་རུ་ཁག་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོ་ཡིས་དུས་ཚོད་གཅིག་དང་སྐར་མ་སོ་དྲུག་སྐར་ཆ་བདུན་གྱི་ནང་དུ་སྤྱི་ལེ་ཉི་ཤུ་ལ་བརྒྱུགས་པས་བུད་མེད་ཀྱི་བྱ་དགའ་ཨང་བཞི་བ་ཐོབ།

ཀླུ་མོ་མཚོ་ནི་རང་རེའི་ཞིང་ཆེན་གྱི་གསར་སྐྱེས་ཀྱི་འདུར་རྒྱུག་པ་ཞིག་ཡིན་ལ་ད་ལོའི་ཟླ་གསུམ་པའི་ཚེས་དགུ་ཉིན། རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་ཚོགས་ཀྱི་སྤྱི་ལེ་ལྔ་བཅུའི་འགྲན་སྡུར་སྟེང་དུས་ཚོད་བཞི་དང་སྐར་མ་གསུམ་སྐར་ཆ་ང་གཅིག་གིས་འཛམ་གླིང་ཟིན་ཐོ་བརྒལ་ཏེ་ཨང་གཉིས་པ་ཐོབ་པར་མ་ཟད་དོ་ཧྭ་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་འགྲན་ཞུགས་ཐོབ་ཐང་བླངས།