སྒ་སྐྱེ་རྒུ་མདོར་ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་དབུ་བརྙེས།
2019.09.07 ཁུངས། ཀློག་གྲངས། 173

ལོ་རྒྱུས་རིག་གནས་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་བའི་སྲོག་ཤིང་ཡིན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་རབས་རེ་རེས་རིག་གནས་མེད་པ་གསར་གཏོད་དང་མ་ཉམས་གོང་འཕེལ། ཉམས་པ་སོར་ཆུད་བྱས་ཏེ་སྔར་ཡོད་ཀྱི་རིག་གནས་རྣམ་པར་བརྒྱན་ཞིང་། རིག་གནས་དེ་དག་གིས་ས་གནས་རིག་གནས་དང་མི་རིགས་རིག་གནས། རྒྱལ་ཁབ་རིག་གནས་སོགས་རིམ་པ་བཞིན་དུ་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་གཞིར་བཅས། རིག་གནས་ཀྱི་རྒྱུན་ཆད་དུ་མ་བཅུག་ཅིང་དུས་རབས་སོ་སོའི་རིག་གནས་ཀྱི་སྣང་ཚུལ་ཇི་བཞིན་དུ་རྗེས་རབས་པ་མངོན་པར་བསྟན་པས། དཔལ་ཡོན་གོང་འཕེལ་དང་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་ཡར་ཐོན་ཐད་ལ་བླ་མེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་ཀྱང་དམངས་ཀྱི་བསམ་པའི་འཚོ་བ་ཇེ་ཕྱུག་དང་། མཉེན་པའི་སྟོབས་ཤུགས་མཐོར་འདེགས། དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ཐད་ལ་དུས་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་རྒྱ་ཆེན་པོ་གནང་བཞིན་ཡོད་པས་ན། དེ་རིང་ཡང་སྒ་སྐྱེ་རྒུ་མདོར་ཡུས་ཧྲུའུ་ལོ་རྒྱུས་རིག་གནས་གླིང་གསར་དུ་འཛུགས་པ་ལ་མཛུབ་སྟོན་དང་རྒྱབ་སྐྱོར་རྒྱ་ཆེར་བྱས།

ཟླ༩པའི་ཚེས་བདུན་ཉིན་གྱི་སྔ་དྲོར། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་དང་སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་བླ་མེད་རྒྱབ་སྐྱོར་དང་། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དང་། ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཐུགས་ཁུར་ཟབ་མོའི་འོག  ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གསར་དུ་དབུ་བརྙེས་ཤིང་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།

མཛད་སྒོའི་སྟེང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་བཀྲ་ཤིས་ཚེ་རིང་དང་སི་ཁྲོན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ་གཉིས་ཀྱིས་ཤིས་ཚིག་ཕུལ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་བཀྲ་ཤིས་ཚེ་རིང་།

སི་ཁྲོན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྲུའུ་ཞི་གངས་བཟང་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་བཀྲ་ཤིས་ཚེ་རིང་། སི་ཁྲོན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་དཔྱོད་སྡེ་ཁག་གི་ཀྲུའུ་རིན་ལིས་མེན་ལིའང་བཅས་ཀྱིས་ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གི་སྒོ་བྱང་ཡོལ་རས་འབྱེད་པ།

སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་དཔྱོད་སྡེ་ཁག་གི་ཀྲུའུ་རིན་ཟུར་པ་ལི་ཡོང་ཞན་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་གུ་དྲག་གཉིས་ཀྱིས་སི་ཁྲོན་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་ཚན་རིག་ཞིབ་འཇུག་སློབ་ཁྲིད་ཚོད་ལྟའི་རྟེན་གཞིའི་སྒོ་ཡོལ་འབྱེད་པ།

མཛད་སྒོའི་སྟེང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྲུའུ་ཞི་གངས་བཟང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་བཀྲ་ཤིས་ཚེ་རིང་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་གུ་དྲག  ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཟླ་བ། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་དཔྱོད་སྡེ་ཁག་གི་ཀྲུའུ་རིན་ལིས་མེན་ལིའང་སོགས་འབྲེལ་ཡོད་མགོ་ཁྲིད་དང་། ཞིབ་འཇུག་ཆེད་མཁས་པ་སོགས་མི་སྣ་སུམ་ཅུ་ཙམ་མཛད་སྒོར་ཞུགས།

ས་གནས་ཞིབ་འཇུག་རང་བཞིན་གྱི་ཚོང་ལས་མིན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་འདི་ནི། གཙོ་བོར་འཇོན་མི་གསོ་སྐྱོང་དང་། ཞིབ་འཇུག་ལས་གཞི། ཡུལ་དངོས་བརྟག་དཔྱད། གྲུབ་འབྲས་འགྲེམ་སྤེལ། རྒྱུ་ཆའི་གྲངས་མཛོད་འཛུགས་པ་སོགས་བརྒྱུད། ཡུས་ཧྲུའུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ཏེ། ཡུས་ཧྲུའུ་རིག་དངོས་ལོ་རྒྱུས་རིག་གནས་ཀྱི་འཇོན་མི་གསོ་སྐྱོང་བགྱིས་ནས། ཡུས་ཧྲུའུ་ཡི་ལོ་རྒྱུས་རིག་གནས་གོང་འཕེལ་དུ་གཏོང་ཆེད་རེད།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཁང་ནས་ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་དབུ་བརྙེས་པ་ལ་བཞུགས་མོལ་ཚོགས་འདུ་ཚོགས་ཤིང་། ཚོགས་འདུ་ལ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཟླ་བས་མགོ་འཛིན་བྱས་ཤིང་། ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གི་གླིང་གཙོ་འཇམ་དབྱངས་ཉི་མས་ཞིབ་འཇུག་གླིང་འཛུགས་པའི་ཀུན་སློང་དང་དགེ་མཚན། འཆར་གཞིའི་ཐད་ནས་གླེང་ལ། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ་ཡིས་སི་ཁྲོན་སློབ་ཆེན་གྱི་ལོ་རྒྱུས་རིག་གནས་དང་། གནའ་རྫས་རྟོག་དཔྱོད་སོགས་ཀྱི་ཐད་ནས་ངོ་སྤྲོད་ཀྱི་མཚམས་སྦྱར་ཞིང་། ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་ལ་རེ་བ་དང་བསམ་འཆར་བསྩལ། ཚོགས་ཞུགས་མི་སྣ་གཞན་དག་རྣམས་ཀྱིས་ཀྱང་རེ་རེ་བཞིན་དུ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་བཙུགས་པའི་དགེ་མཚན་དང་བསམ་འཆར་ལྷུག་པོར་བརྗོད་དེ། ས་གནས་རིག་གནས་མི་ཉམས་གོང་འཕེལ་དུ་འགྲོ་བར་རམ་འདེགས་ཚད་མེད་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་ཡུལ་ཤུལ་ཁུལ་གྱི་དམངས་ཁྲོད་སྒེར་གྱི་རིག་དངོས་ཁང་གི་འཐུབ་ཚབ་མི་སྣ་འགའ་ཡང་ཟུར་ཞུགས་བྱས།