མཛེས་སྡུག་གི་དུས་གསར། འོད་སྟོང་གི་གྲུབ་འབྲས།
2019.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 714

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་གྱིས་བཀོད་པའི་གསར་འགྱུར།

 ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འགོར་བའི“ང་དང་ངའི་མེས་རྒྱལ”ཞེས་པའི་བོད་རྒྱ་རྩོམ་ཡིག་དང་པར་རིས་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འགོར་བར་དྲན་གསོ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།  “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བཅས་བྱ་ཆེད། ཞིན་ཧེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་འཁོར་བདུན་ཅུའི་རིང་དུ་རང་རེའི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་སྣ་ཚོགས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ངང་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་མ་ཟད། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཁ་ཕྱོགས་ནས་“ང་དང་ངའི་མེས་རྒྱལ”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས་རང་གི་ཕ་ཡུལ་གྱི་འགྱུར་ལྡོག་བརྗོད་པའི་བོད་རྒྱ་རྩོམ་ཡིག་བརྩམས་ཆོས་དང་པར་རིས་བརྩམས་ཆོས་ཀྱི་འགྲན་སྡུར་བྱ་འགུལ་སྤེལ།


རྩོམ་ཡིག་དང་པར་རིས་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པའི་མི་སྣ་དག

ཐེངས་འདིའི་བོད་རྒྱ་རྩོམ་ཡིག་འགྲན་བསྡུར་ནང་དུ་བརྩམས་ཆོས་བདུན་ཅུ་ལྷག་དང་པར་རིས་བརྩམས་ཆོས་བརྒྱ་དང་བརྒྱད་ཅུ་ལྷག་འབྱོར་ཞིང་། དཔྱད་འདེམས་ཚན་ཆུང་གིས་འགྲན་ཞུགས་བརྩམས་ཆོས་ཚང་མར་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་བཅས་ཀྱི་རིམ་པ་བརྒྱུད་དེ། མཇུག་མཐར་དྲང་བཞག་དང་འདྲ་མཉམ་གྱི་སྒོ་ནས་བརྩམས་ཆོས་ཉེར་བཞི་འདེམས་ཤིང་། བོད་རྒྱ་རྩོམ་རིག་བརྩམས་ཆོས་དང་། པར་རིས་བརྩམས་ཆོས་སོ་སོར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་གཉིས་བཅས་བདམས་ཐོན་བྱུང་།

རྩོམ་ཡིག་དང་པར་རིས་བརྩམས་ཆོས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པའི་མི་སྣ་དག 

རེབ་འདིའི་བརྩམས་ཆོས་དག་གི་ནང་དོན་ལ་གསར་རྩོམ་རང་བཞིན་དང་། བོད་མིའི་ཡ་རབས་གཤིས་སྤྱོད་ཀྱི་ཁྱད་ཆོས། དཔའ་མཛངས་རྟུལ་ཕོད་ཀྱི་རང་གཤིས། ཧུར་བརྩོན་བདེ་སྐྱིད་ཀྱི་འཚོ་བའི་རྣམ་པ་སོགས་མི་སེམས་འགུལ་བའི་ཞིན་ཧེ་རྫོང་གི་འདས་མ་ད་གསུམ་གྱི་འཕོ་འགྱུར་མངོན་པར་མཚོན་ཞིང་ ། གསོན་ཉམས་དོད་པོ་ལྡན་ཞིང་། སྒྱུ་རྩལ་གྱིས་མངོན་པར་ཕྱུག་པའི་པར་རིས་རེ་རེས་ངོ་མཚར་ཡིད་དུ་འོང་བའི་ཕ་ཡུལ་གྱི་མཛེས་སྡུག་དང་། ཁོད་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཁམས་ཀྱི་འཚོ་བཅུད་ཀྱི་རྣམ་པ། དབྱར་དགུན་སྟོན་དཔྱིད་སོགས་དུས་ཀྱི་འགྱུར་བ་རེ་རེའི་ཁ་དོག  ལུག་ཁྱུ་དང་མེ་ཏོག སྦྲ་ནག་དང་སྤྲིན་དཀར། རྣང་ཞིང་དང་ལྗོན་ཤིང་སོགས་ཀྱིས་རབ་ཏུ་རྒྱན་པའི་རོང་འབྲོག་མི་དམངས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བ་མཚོན་པར་བྱས་ཡོད་ལ། མི་འགྱངས་པར་ཞིན་ཧེ་རྫོང་དུ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་འཛུགས་པར་རྨང་གཞི་བརྟན་པོ་བཙུགས།



རྩོམ་ཡིག་དང་པར་རིས་བརྩམས་ཆོས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པའི་མི་སྣ་དག

རྩོམ་ཡིག་དང་པར་རིས་བརྩམས་ཆོས་ལ་ཕུལ་བྱུང་བྱ་དགའ་ཐོབ་པའི་མི་སྣ་དག 


ཚོགས་རའི་ཟུར་ཞིག 

ཚོགས་ཞུགས་མི་སྣའི་མཉམ་པར།