སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས།
2019.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱས། ཚང་མས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་སུ། ཚོགས་ཆེན་གྱིས་དུས་རབས་གསར་བའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་སྤྱི་ཁོག་གི་རེ་བ་དང་བྱ་བའི་གཙོ་གནད་བཏོན་པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། མཐུན་སྒྲིལ་གཅིག་སེམས་དང་དཀའ་སྤྱད་དངོས་གཉེར་གྱིས་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་བ་བསྐྲུན་རྒྱུ་ཡིན་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཁྲུན་ལིས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ། ཆི་ལེན་རྫོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མཛེས་སྡུག་ཆི་ལེན་དང་བདེ་སྐྱིད་ཆི་ལེན་གྱི་འཛུགས་སྐྲུན་ཁྲོད་འདྲེས་པར་བྱས་པ་དང་། སློབ་གསོ་དྲིལ་སྒྲོག་དང་དཔེ་སྟོན་གྱི་སྣེ་ཁྲིད་བྱེད་པ་བརྒྱུད་དེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ནམ་ཡང་ཀུན་སྤྱོད་འཛུགས་སྐྲུན་ལ་དོ་སྣང་བྱེད་པའི་གོམས་སྲོལ་བཟང་བོ་གྲུབ་པར་བྱས་ནས། མི་རིགས་སོ་སོའི་བར་གྱི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ཟེར།

ཐེངས་འདིའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཐུན་མོང་གི་མཚན་སྙན་ཐོབ་པ་དང་། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། གུང་ཧོ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རིན་གཞོན་པ་ཚང་འབྲུག་རྒྱལ་གྱིས་བཤད་རྒྱུར། གོ་རིམ་རྗེས་མར། ང་ཚོས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། 2019ལོར་གུང་ཧོ་རྫོང་གི་དབུལ་བོའི་ཞྭ་མོ་ཕུད་པ་དང་། 2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱེད་པའི་དམིགས་འབེན་གསུམ་ལ་དམིགས་ནས། འཛུགས་སྐྲུན་བྱ་བའི་རྨང་གཞི་བཟོ་སྐྲུན་དང་མི་སེམས་བཟོ་སྐྲུན། ཀུན་སྤྱོད་བཟོ་སྐྲུན། མ་ལག་བཟོ་སྐྲུན། ཚོང་རྟགས་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཁྱབ་ཁོངས་ཡོངས་ནས་གུང་ཧོ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་དམངས་ཆེན་གྱི་ཀྲུའུ་ཞི་ཝུའུ་ཞོ་ཆིན་གྱིས་བཤད་རྒྱུར། མི་རིགས་མང་པོ་འདུས་སྡོད་བྱེད་ས་ཡིན་པའི་ཆ་ནས། རྨ་ལྷོ་ཁུལ་གྱིས་ནམ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱས། ན་ནིང་ནས་བཟུང་། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་དུས་རིམ་གསར་བ་ཞིག་ཏུ་སྤེལ་བར་སྐུལ་འདེད་བཏང་། ཐོ་རྒྱ་གྲོང་རྡལ་ནི་བོད་རིགས་གཙོ་ཡིན་ལ། རྒྱ་རིགས་དང་ཧོར་རིགས། སོག་རིགས། ཧོས་རིགས། ཟ་ལར་རིགས་སོགས་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་མཛུབ་ཁྲིད་འོག ཐོ་རྒྱ་གྲོང་རྡལ་གྱིས་ཐབས་མང་མཉམ་སྤྱོད་བྱས་པ་དང་དམངས་ཡོངས་ཞིང་སྡེ་གསར་བ་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ལྷག་པར་དུ་གྲོང་སྡེ་གསར་བ་ཐད་སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་ཁྲི་གསུམ་བཏང་བས། མི་སྡོད་ཁོར་ཡུག་དང་དབུལ་ཐར་མཁྲེགས་གཏོར་སོགས་ཐད་ནས་སྔར་ལས་མཐོར་འདེགས་སུ་བཏང་། རྗེས་ཕྱོགས་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་དགེ་མཚན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་བྱེད་པ། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས། ཐོ་རྒྱ་གྲོང་རྡལ་དེ་རིགས་སོ་སོའི་མང་ཚོགས་ཀྱིས་སོ་སྲུང་རོགས་རེས་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞང་གི་འབྲོག་མི་སྟོབས་ལྡན་གྱིས་བཤད་རྒྱུར། ང་ནི་རྩྭ་ཐང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། ཚེ་གང་བོར་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་དང་། སྔོན་ཆད་སྡེ་བའི་ནང་དུ་བསྡུར་རེས་བྱེད་པ་དང་རྒྱས་སྤྲོས་ཆུད་ཟོས་གཏོང་བ། ཆང་འཐུང་བ་དང་ཤོ་རྒྱག་པ་སོགས་ཀྱི་སྣང་ཚུལ་མང་པོ་ཡོད་ན་ཡང་། མི་རིགས་མཐུན་སྒྲིལ་བྱ་བ་སྤེལ་བའི་ཚུན་དུ། སྔོན་ཆད་ཀྱི་སྲོལ་ངན་དག་མཐུན་སྒྲིལ་ངང་ཕྱུག་བསྒྱུར་བྱེད་པ་དང་སྲོལ་ངན་འདོར་བའི་སློབ་གསོ་བྱ་འགུལ་གྱི་གྲུབ་འབྲས་ཀྱིས་ཚབ་བྱས་པ་དང་། ང་ཚོའི་མཐུན་སྒྲིལ་འབད་འཐབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱེད་པའི་ཐུན་མོང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་སྙིང་སྟོབས་ཆེར་བསྐྱེད་ཟེར།