མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་གསར་གཏོད་འཇོན་མིའི་དཔྱད་འདེམས་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་བསྒྱུར།
2019.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣ་གཞུང་སྒྲུབ་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙོ་བོར་ཕྱོགས་བཞིའི་ཐད་ནས་མཐོ་རིམ་གསར་གཏོད་མི་སྣའི་མི་སྟོང་གི་འཆར་གཞིའི་ངོ་སྤྲོད་དཔྱད་འདེམས་བྱ་བ་ལེགས་བསྒྱུར་བྱས་པ་དང་། ཤེས་ལྡན་མི་སྣའི་དཔྱད་འདེམས་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བྱ་བའི་སྤུས་ཚད་རྒྱུན་མ་ཆད་མཐོར་འདེགས་བཏང་།

མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་གསར་གཏོད་འཇོན་མིའི་དཔྱད་འདེམས་སྔར་ལས་ལེགས་བསྒྱུར་བྱེད་པའི་བྱེད་ཐབས་ཐད་ནས། གཅིག་ནས་འདེམ་སྒུག་མི་སྣའི་ཆབ་སྲིད་འགག་སྒོ་དམ་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དེ་ཤེས་ལྡན་མི་སྣ་དཔྱད་འདེམས་བྱེད་པའི་ཚད་གཞི་དང་པོ་རུ་བརྩི་བ། རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་ཐད་ནས་མདུན་དུ་བསྐྱོད་དགོས། གཉིས་ནས་ནུས་པ་དང་གྲུབ་འབྲས། བྱས་རྗེས་ལ་མཐོང་ཆེན་བྱེད་པ་དང་། དཔྱད་འདེམས་ཁྲོད་ཞུགས་པའི་མི་སྣའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཀྱི་སྤུས་ཚད་དང་བྱས་རྗེས། ཤན་ཤུགས་ལ་དོ་སྣང་བྱེད་པ། གསུམ་ནས་དགོས་མཁོའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ། སློབ་གསོ་འཕྲོད་བསྟེན། ཁྱད་ལྡན་ཞིང་ཕྱུགས་ལས། གྲོང་ཁྱེར་གྱི་འཆར་འགོད་སོགས་ཁྱབ་ཁོངས་སུ་ངེས་པར་མཁོ་བའི་ཤེས་ལྡན་མི་སྣ་འདེམས་བསྐོ་བྱེད་པར་མཐོང་ཆེན་བྱེད་པ། བཞི་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་དཀའ་ངལ་ཆེ་བའི་མཐའ་འཁོབ་ས་ཁུལ་དང་གཞི་རིམ་དུ་རོགས་སྐྱོར་བྱེད་པའི་རེ་བ་ལག་བསྟར་བྱེད་པ་དང་། ཁུལ་དྲུག་དང་ཁེ་ལས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་དཀའ་ཁག་ཆེ་བའི་མཐའ་འཁོབ་ས་ཁུལ་དང་གཞི་རིམ་ས་ཁུལ་དུ་སོང་ནས་ལས་བརྩོན་བྱེད་པ་དང་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱེད་པ་དང་སྐུལ་སློང་གཏོང་བ་བཅས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་གསར་གཏོད་མི་སྣའི་མི་སྟོང་གི་འཆར་གཞི་རྒྱབ་རྟེན་ནས། བསྡོམས་པས་མཐོ་རིམ་གསར་གཏོད་འཇོན་མི་བརྒྱ་དང་གོ་གཉིས་དང་། གསར་གཏོད་རུ་ཁག་གཉིས་ནང་འདྲེན་བྱས་པ་དང་། རང་ས་ཆའི་ཤེས་ལྡན་མི་སྣ་བརྒྱ་དང་རེ་གཅིག་དང་གསར་གཏོད་རུ་ཁག་བརྒྱད་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱས་ལ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེའི་གཞི་ཁྱོན་རྒྱུན་མ་ཆད་པར་རྒྱ་སྐྱེད་པ་དང་། སྤྱི་ཁོག་གི་བྱང་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། ཤེས་ལྡན་མི་སྣའི་ཆེད་ལས་གྲུབ་ཚུལ་དང་རིམ་པའི་གྲུབ་ཚུལ།  ཁྱབ་ཚུལ་གྲུབ་ཚུལ་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱས།

མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་བཞིའི་ནང་མཐོ་རིམ་གསར་གཏོད་འཇོན་མིའི་མི་སྟོང་གི་འཆར་གཞིའི་ངོ་སྤྲོད་དཔྱད་འདེམས་བྱ་བ་ལག་བསྟར་བྱས།